ཀྲུང་གོ་བོད་ཀྱི་དྲ་བ།

ཚེས17ཉིན་གྱི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ནས་ཤེས་གསལ་ལྟར་ན།ཟླ4པའི་ཚེས18ཉིན་གྱི་ཆུ་ཚོད17དང་སྐར་མ30བར། ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་དང་།མཁར་ནུབ་ཁུལ་། མཁར་བྱང་ཁུལ་བཅས་ཀྱི་རེས་སྐོར་གསུམ་པའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་གྲལ་བཤེར་ཁྲོད། བསྡོམས་པས་མི་ཁྲི105.19ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་པ་དང་། ཞིབ་དཔྱད་ཚད་ལེན་བྱས་པའི་མཇུག་འབྲས་ཚང་མ་སྲིབ་གཤིས་སུ་མངོན། 

མཁར་ཤར་ཁུལ་གྱི་རེས་སྐོར་ལྔ་པའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པའི་ཁྲོད། བསྡོམས་པས་མི་ཁྲི41.77ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་པ་དང་།གཅིག་སྡུད་དོ་དམ་ཚོད་འཛིན་མི་སྣའི་ཁྲོད་བརྟག་དཔྱད་མཇུག་འབྲས་གདགས་གཤིས་སུ་མངོན་པའི་མི1བྱུང་བ་དང་། བརྟག་དཔྱད་མཇུག་འབྲས་གཞན་དག་ཚང་མ་སྲིབ་གཤིས་སུ་མངོན། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།