ཀྲུང་གོ་བོད་ཀྱི་དྲ་བ།

ཉེན་རྟོག་པའི་གནས་ཚུལ་བརྡ་ཁྱབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས17ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་སྤྱི་བདེ་ཡན་ལག་ཅུའུ་ཡིས་ལས་ཀའི་ཁྲོད་དྲ་རྒྱའི་སྟེང་མཐོང་ཆུང་རང་བཞིན་གྱི་གཏམ་བརྗོད་སྤེལ་བའི་སྲིད་འཛིན་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཁྲིམས་འགལ་བ་གཅིག་འཛིན་བཟུང་བྱས།

རྩད་ཆོད་པ་བརྒྱུད། ཁྲིམས་འགལ་བ་ལིའུ་ཆེ་གེ་མོ། བུད་མེད། ལོ22། སྤྱི་ཚོགས་ཀྱི་ལས་བཟོ་བ་ཡིན། ཟླ4པའི་ཚེས16དང་ཚེས17ཉིན་བར་པོད་འཕྲིན་སྟེགས་བུའི་སྟེང་མཐོང་ཆུང་རང་བཞིན་གྱི་གཏམ་བརྗོད་སྤེལ་བ་དང་། གཏམ་བརྗོད་དེ་པོད་འཕྲིན་དང་སྐད་འཕྲིན་གྱི་གྲོགས་ཚོམས་ནང་མགྱོགས་མྱུར་བརྒྱུད་སྤེལ་བྱས་པས་སྤྱི་ཚོགས་སྟེང་ཤུགས་རྐྱེན་ངན་པ་བཟོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཁྲིམས་ལྟར་ལིའུ་ཆེ་གེ་མོར་ཉིན12ཀྱི་སྲིད་འཛིན་བཀག་ཉར་དང་སྒོར500ཡི་ཆད་པ་བཅད།

མཁར་བྱང་སྤྱི་བདེ་ཅུའུ་ཡིས་དྲན་སྐུལ་བྱས་དོན།

མིག་སྔར་ཟི་ལིང་གྲོང་ཁྱེར་དུ་རིམས་ནད་འགོག་སྡོམ་ཚོད་འཛིན་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། རྒྱ་ཆེའི་གྲོང་མི་དང་དྲ་གྲོགས་ཚོས་དུས་ཐོག་ཏུ་གསར་འགྱུར་ལས་ཁུངས་གཙོ་གནད་ཀྱི་སྤེལ་བའི་གསར་འགྱུར་ལ་དོ་སྣང་བྱས་ཏེ། བདེན་པ་མིན་པ་དང་མཐོང་ཆུང་རང་བཞིན་གྱི་གཏན་བརྗོད་བརྒྱུད་སྒྲོག་བྱེད་མི་རུང་། གྲོང་ཁྱེར་ཡོངས་ཀྱི་དམངས་ཡོངས་ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་འདོམས་དང་སྣེ་ཁྲིད་འོག མི་འགྱངས་བར་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན། 

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་གྲོང་བྱང་སྤྱི་བདེ་ཡན་ལག་ཅུའུ།

2022ལོའི་ཟླ4པའི་ཚེས18ཉིན།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།