ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་སྦྱོར། (ཨང26པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     ཟླ4པའི་ཚེས14ཉིན་གྱི་ཆུ་ཚོད16དང་སྐར་མ20སྟེང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པའི་མི5ཇེ་མང་དུ་སོང་ཡོད་ལ།   དེར་འབྲེལ་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

       གདགས་གཤིས་མི་སྣ་ཨང46པ།   མོ།   ལོ35ཡིན། ནད་རྟགས་གཏན་ཁེལ་བྱུང་བའི་ནད་པ་ཨང1པོར་འབྲེལ་བ་དམ་ཟབ་ཡོད་མཁན་ཡིན།

        གདགས་གཤིས་མི་སྣ་ཨང47པ།   མོ།   ལོ12ཡིན།   མཁར་ཤར་ཁུལ་གཙོ་གནད་མི་ཚོགས་ལ་ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་། 

         གདགས་གཤིས་མི་སྣ་ཨང48པ།    ཕོ།    ལོ40ཡིན།   ཟླ4པའི་ཚེས13ཉིན་མཁར་ཤར་ཁུལ་ཡོངས་སུ་རེས་སྐོར་དང་པོའི་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ཤེས་རྟོགས་བྱུང་། 

         གདགས་གཤིས་མི་སྣ་ཨང49པ།     མོ།    ལོ11ཡིན།  ཟླ4པའི་ཚེས13ཉིན་མཁར་ཤར་ཁུལ་ཡོངས་སུ་རེས་སྐོར་དང་པོའི་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ཤེས་རྟོགས་བྱུང་། 

         གདགས་གཤིས་མི་སྣ་ཨང50པ།    མོ།    ལོ14ཡིན། ཟླ4པའི་ཚེས13ཉིན་མཁར་ཤར་ཁུལ་ཡོངས་སུ་རེས་སྐོར་དང་པོའི་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ཤེས་རྟོགས་བྱུང་། 

          མིག་སྔར། གོང་དུ་བརྗོད་པའི་གདགས་གཤིས་ཡིན་པའི་མི་སྣ5གནས་ཁེལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། རིམས་ནད་ཁུངས་འདེད་སོགས་ཀྱི་འབྲེལ་ཡོད་ལས་དོན་སྒྲུབ་བཞིན་པའི་སྒང་ཡིན།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།