ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐུང་ཏི་ཡིས་རྐང་ཚ་རྫོང་གི་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས12ཉིན། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏི་ཡིས་སྣེ་ཁྲིད་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བས་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དེ་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། ཐུན་མོང་ཕྱུག་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་བསྟན། 

བརྟག་དཔྱད་ཞིབ་འཇུག་བྱེས་སྐབས། ལིའུ་ཐུང་ཏི་ཡིས་ན་ནིང་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་རྗེས་བསྙེགས་ནས། ཁེ་རམས་ཐང་དང་དཀོན་ལོ་གོང་མ་སྡེ་བར་བསྐྱོད་དེ་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གྲོང་གསེབ་ཀྱི་ཐོན་ལས་དར་སྤེལ། ཤེས་ལྡན་མི་སྣ་དར་སྤེལ། རིག་གནས་དར་སྤེལ། སྐྱེ་ཁམས་དར་སྤེལ། རྩ་འཛུགས་དར་སྤེལ་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་ངང་ཤེས་རྟོགས་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁུལ་དང་རྫོང་། ཤང་བཅས་ཀྱི་འགན་འཁུར་བློ་མཐུན་དང་། སྡེ་བའི་ཨུ་ཡོན་གཉིས་ཀྱི་ཁོངས་མི་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བཅས་དང་བཞུགས་མོལ་སྤེལ་རེས་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་ཆེད་ཐབས་ཇུས་བཏོན། 

ལིའུ་ཐུང་ཏི་ཡིས་གཞི་ཁྱོན་ལྡན་པའི་ཡང་བསྐྱར་དབུལ་བོར་མི་འགྱུར་བའི་ཚད་མཐའ་མཐའ་གཅིག་ཏུ་བསྲུངས་ནས། “འདོར་མི་རུང་བ་བཞིའི”བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་པ་དང་། རོགས་སྐྱོར་ལྟ་ཞིབ་ཚད་ལེན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཕྱོགས་གཅིག་ནས་ཐོན་ལས་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཅིག་ནས་ལས་ཞུགས་ལ་དམ་འཛིན་བྱེད་དགོས་ཤིང་། རོང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། ཞིང་ལས་ཐོན་རྫས་ལས་སྣོན་དང་གྲོང་གསེབ་སྤྲོ་གསེང་ཡུལ་སྐོར། རོང་འབྲོག་ཁུལ་གྱི་དྲ་ཐོག་ཚོང་དོན་སོགས་ཀྱི་ཐོན་ལས་གཙོ་བོར་བཟུང་ནས་འཕེལ་རྒྱས་བཏང་སྟེ། དཀོན་ལོ་ཚང་གོང་མ་སྡེ་བ་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་སྡེ་བར་བསྐྲུན་དགོས་ཞེས་ནན་གྱིས་བསྟན། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།