ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བརྒྱད་པའི་རྒན་གཞོན་ཚང་མས་ལག་གདང་སྦྲེལ་ནས་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བྱེད་པའི་བྱ་འགུལ་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་ལས་བྱེད་རྒན་གྲས་ཅུའུ། ཞིང་ཆེན་ནགས་རྩྭ་ཅུའུ། ཞིང་ཆེན་ཏང་ཨུའི་སྡེ་ཚོགས་བཅས་ཀྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་སྐབས་བརྒྱད་པའི་རྒན་གཞོན་ཚང་མའི་ཐུན་མོང་གིས་ལག་གདང་སྦྲེལ་ནས་གཙང་གསུམ་འབྱུང་ཡུལ་དུ་སྲུང་སྐྱོང་བྱེད་པའི་བྱ་འགུལ་སྤེལ། ཞིང་ཆེན་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཞིང་ཆེན་མི་རབས་རྗེས་མར་ཐུགས་འཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རེན་སངས་རྒྱས་རྒྱལ་དང་། རྒྱུན་ལས་ཀྲུའུ་རེན་གཞོན་པ་ཀྲའོ་ཆི་ཀྲུང་དང་ཀུའོ་རུའུ་ཀྲུའོ། ཀྲུའུ་རེན་གཞོན་པ་སུའུ་ཉིང་དང་ཧན་ཡུས་ཀུའེ་བཅས་མགོ་རྩོམ་མཛད་སྒོར་ཞུགས། 

པད་མ་ཡིས་གསུང་བཤད་གནང་སྐབས་བསྟན་དོན། 2015ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་ཐུགས་འཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གཅིག་གྱུར་བཀོད་སྒྲིག་ལ་དམ་པོར་དམིགས་ནས། བསྟུད་མར་སྐབས་བརྒྱད་པའི་རྒན་གཞོན་ཚང་མས་ལག་གདང་སྦྲེལ་ནས་གཙང་གསུམ་འབྱུང་ཡུལ་དུ་སྲུང་སྐྱོང་བྱེད་པའི་བྱ་འགུལ་སྤེལ། ལོ་བརྒྱད་རིང་རྒན་གཞོན་ཚང་མས་ལག་གདང་སྦྲེལ་ནས་གཙང་གསུམ་འབྱུང་ཡུལ་དུ་སྲུང་སྐྱོང་བྱེད་པའི་བྱ་འགུལ་དེ་རིམ་པ་སོ་སོའི་མི་རབས་རྗེས་མར་ཐུགས་ཐུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལག་བསྟར་བྱེད་པའིབྱ་འགུལ་དུ་གྱུར་ནས། གཞོན་ནུ་ལོ་ཆུང་དག་གིས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་སློབ་སྦྱོང་དང་། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དར་སྤེལ་གཏོང་བ། ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་འདུ་ཤེས་ལག་བསྟར་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཟེར། 

པད་མ་ཡིས་རིམ་པ་སོ་སོའི་མི་རབས་རྗེས་མར་ཐུགས་ཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྒན་གཞོན་ཚང་མས་ལག་གདང་སྦྲེལ་ནས་གཙང་གསུམ་འབྱུང་ཡུལ་དུ་སྲུང་སྐྱོང་བྱེད་པའི་བྱ་འགུལ་མུ་མཐུད་དུ་སྤེལ་བར་མཐའ་འཁྱོངས་བྱས་ཏེ། ཆེ་ཤོས་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་ཁོང་དུ་ཆུད་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་འགུལ་དེ་བས་མང་པོ་བཏོད་དགོས་པའི་བླང་བྱ་བཏོན། 

རྨ་ལྷོ་ཁུལ་དང་ཐུན་རིན་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བཟོ་བ་དང་རྒན་གྲས་ལྔ། སློབ་མ། གཞོན་ནུ་དང་བླངས་པ་བཅས་ཀྱི་འཐུས་མི200ལྷག་ཙམ་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་ནང་ཞུགས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།