ཀྲུང་གོ་བོད་ཀྱི་དྲ་བ།

​ཟི་ལིང་མཁར་ཤར་ཁུལ་ཡོངས་སུ་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་དང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་གཞིར་བཟུང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ་དང་། མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་འགན་ལེན་ཡག་པོ་བྱ་ཆེད། ཞིབ་འཇུག་བྱས་པ་བརྒྱུད། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དུ2022ལོའི་ཟླ4པའི་ཚེས13ཉིན་ནས་ཟླ4པའི་ཚེས15ཉིན་བར། ཁུལ་ཡོངས་ཀྱི་མི་སྣར་བསྡོམས་པས་ཉིན་གསུམ་ལ་བསྟུད་མར་ཉིན་རེར་རེས་སྐོར་རེའི་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུ་རེད།

བརྟག་དཔྱད་ཁྱབ་ཁོངས། 
ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཡོངས་ཀྱི(ཁུལ་དུ་བཅའ་སྡོད་བྱས་པའི་དམག་དཔུང་དང་རིམ་པ་གཉིས་པའམ་དེའི་ཡན་གྱི་སྨན་ཁང་ཕུད)སྡོད་དམངས། གནས་སྐབས་སུ་བཅའ་སྡོད་བྱས་ཡོད་པའི་མི་སྣ་དང་ལས་དོན་མི་སྣ། ཞོར་ལས་པ་སོགས་འདུ།
བརྟག་དཔྱད་དུས་ཚོད། 
2022ལོའི་ཟླ4པའི་ཚེས13ཉིན་ནས་ཚེས15ཉིན། (སྔ་དྲོའི་དུས་ཚོད9ནས་ཕྱི་དྲོའི་དུས་ཚོད15བར)
རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།