ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐའོ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱ་བའི་སྐུལ་འདེད་ཚོགས་འདུ་ལ་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱ་བའི་འདེད་ཚོགས་འདུ་འཚོགས་ནས། འཕེལ་རྒྱས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ་དང་གཙོ་གནད་ལས་འགན་བཀོད་སྒྲིག་བཅས་བྱས་པ་མ་ཟད། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་གཏམ་བཤད་གནང་།

ལིའུ་ཐའོ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ཚད་གཞི་ནན་མོ་འཛིན་པ། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ། བློ་རིག་གསལ་བ་རྒྱུན་འཁྱོངས། འགག་སྒྲོལ་བསམ་བློ་དང་ལྷོད་གཡེང་གི་བསམ་པ་ཁྱད་དུ་བསད་ནས་རྒྱུན་སྲིང་ལྷོད་མེད་ངང་གནད་དོན་དག་ཐེར་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། གནད་དོན་སོ་སོའི་བར་གྱི་ཕན་ཚུན་འབྲེལ་བར་བསམ་གཞིག་བྱེད་མཁས་པོ་བྱས་ཏེ་འགག་རྩའི་གནས་གནད་དུ་འཁེལ་བར་འཚོལ་བ་དང་། ཐུན་མོང་གི་ཆ་ལེགས་བཅོས། ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱོད་པ། འགན་འཁྲི་སྲ་བརྟན་དུ་གཏོང་བ། གཙོ་གནད་འབུར་དུ་ཐོན་པ། གཅིག་གྱུར་སྒོས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག སྤུས་ཚད་དང་ཕན་འབྲས་ལ་མཐོང་ཆེན་བཅས་བྱས་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བཅོས་སྒྲིག་གཙོ་གནད་དུ་བཟུང་ནས། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་སྣ་ཚོགས་བཅོས་སྒྲིག་བྱེད་པར་མཉམ་དུ་སྐུལ་འདེད་བཏང་བར་མངོན་གསལ་བཏོད་པའི་ཕན་འབྲས་ཐོན་པ་བྱེད་དགོས། ཐབས་མང་མཉམ་སྤྱོད་མཐའ་འཁྱོངས་ཀྱིས“མིག་སྔའི་བཅོས་སྒྱུར”ཀྱི་བྱེད་ཐབས་དོན་འཁྱོལ་བྱེད་དགོས་ལ། “ཡུན་བརྟན་པའི”ལམ་སྲོལ་ཡང་ཆགས་པར་བྱས་ནས་ལྟ་ཞིབ་བཤེར་སྒྲུབ་ལ་དམ་འཛིན་ནན་མོ་བྱེད་པ་དང་། ནན་ཏན་གྱིས་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་གཏོང་བ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་བསྣན་ནས་ཧུར་ཐག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་པར་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།