ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་གིས་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་བསྡུས་ཏེ། ཨུ་ཡོན་ལྷན་ཁང་གཉིས་ཀྱི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་སྐབས་གསར་བའི་ཐད་གཏོགས་ལས་ཁུངས་ཀྱི་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡུས་ཚོང་ལི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཡུས་ཚོང་ལི་ཡིས་བསྟན་དོན། ལོ་ངོ་བཞིའི་རིང་ལ། ཞིང་ཆེན་ཏང་ཨུའི་ཐད་གཏོགས་ལས་ཁུངས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཛུབ་སྟོན་དུ་བཟུང་བ་དང་། ཏང་གི་འཛུགས་སྐྲུན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཞབས་ཞུ་གསུམ་གྱི་བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་ཡོང་བར་རྩ་འཛུགས་ཀྱི་འདེགས་སྐྱོར་སྟོབས་ལྡན་འདོན་སྤྲོད་བྱས།

ཡུས་ཚོང་ལི་ཡིས་ནན་གྱིས་བསྟན་དོན། སྐབས་རེ་རེར་སྐབས་རེའི་ལས་འགན་ཡོད་ལ། སྐབས་རེ་རེར་སྐབས་རེའི་འགན་འཁྲི་ཡོད། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ནས་བློ་བརྟན་འགྱུར་མེད་ཀྱིས་འགོ་ཁྲིད་ཀྱི་དགོངས་པར་སློབ་སྦྱོང་དང་ཐོག་མའི་སེམས་འདུན་དང་འགན་འཁྲིར་རྒྱུས་ལོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་ཏེ་རྣམ་པ་གསར་བ་མངོན་པར་བྱེད་དགོས། ཏང་འཛུགས་གིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ནས་ཏང་གི་འཛུགས་སྐྲུན་ལས་རིགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པའི་སྟེང་རྣམ་པ་གསར་བ་མངོན་དགོས། འཐབ་འཛིང་མཁར་རྫོང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་མཐོར་འདེགས་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ཐད་རྣམ་པ་གསར་བ་མངོན་དགོས། མུ་མཐུད་དུ་སྲོལ་བཟང་རྒྱུན་འཛིན་དང་སྒྲིག་ཁྲིམས་ནན་སྲུང་བྱེད་པ་དང་མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་ཞུ་བསྒྲུབ་པ། སྒྲིག་ལམ་ལ་ཤུགས་བསྣན་ནས་ཡ་རབས་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་ཐད་རྣམ་པ་གསར་བ་མངོན་པར་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།