ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ནད་པ་གཅིག་སྨན་ཁང་ལས་བུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས9ཉིན་བར། མཚོ་སྔོན་ཞིང་ཆེན་དུ་བསྡོམས་པས་རང་ས་གནས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ2ཤེས་རྟོགས་བྱུང་། སྨན་བཅོས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་ཆེད། དུས་ཐོག་ཏུ་སྤུས་ལེགས་སྨན་བཅོས་ལག་རྩལ་དང་སྒྲིག་ཆས་སོགས་ཐོན་ཁུངས་བཀོད་སྒྲིག་བྱས་ནས“མི་རེར་བྱེད་ཐབས་རེ”དང་རིག་ཚན་མང་པོའི་མཉམ་འབྲེལ་ཐོག་ནད་བརྟག་སྨན་བཅོས་ལྟར། ཞིང་ཆེན་རིམ་པའི་ཆེད་མཁས་པའི་ཚོགས་ཆུང་དང་གནས་ཁེལ་སྨན་ཁང་དུ་གནད་ཁེལ་སྨན་བཅོས་བྱས་པ་བརྒྱུད། སྨན་བཅོས་ལ་ཕན་འབྲས་ཡག་པོ་ཐོན་ཡོད། 

ཟླ3པའི་ཚེས24ཉིན། ནད་རྟགས་གཏན་འཁེལ་བྱས་པའི་ནད་པ1གི་ལུས་དྲོད་ཉིན་གསུམ་ཡན་ལ་རྒྱུན་ལྡན་ཡིན་པ་དང་། དབུགས་ལམ་གྱི་ནད་རྟགས་མེད་པར་གྱུར། པྲོག་གསར་གློ་ཚད་རིམས་ནད་གྱི་ཉིང་སྐྱུར་ཞིབ་དཔྱདNརྒྱུད་རྒྱུ་དངORFརྒྱུད་རྒྱུ་གཉིས་ཀྱི་ཆ་སྙོམས་ཀྱི་Ctརིན་གྲངས≥35ཟིན་ཡོད་པས།《པྲོག་གསར་གློ་ཚད་རིམས་ནད་བརྟག་བཅོས་ཇུས་གཞི(ཚོད་ལྟའི་པར་གཞི་དགུ་པ)》ལྟར། ཞིང་ཆེན་རིམ་པའི་སྨན་བཅོས་རོགས་སྐྱོབ་ཆེད་མཁས་པའི་ཚོགས་ཆུང་གིས་དཔྱད་དཔོག་བྱས་པ་བརྒྱུད། ནད་པ་དེ་སྨན་ཁང་ལས་ཕྱིར་འབུད་པའི་ཚད་གཞི་དང་མཐུན་པས་སྨན་ཁང་ནས་བུད། ནད་པ་སྨན་ཁང་ནས་ཕྱིར་བུད་རྗེས་ཉིན་བདུན་གྱི་རིང་ལ་རང་ཁྱིམ་ནས་མུ་མཐུད་དུ་བདེ་ཐང་ལྟ་ཞིབ་ཚད་ལེན་བྱ་དགོས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།