ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ནུབ་ཀྱིས་རྣམ་གྲངས238གཅིག་སྡུད་ཀྱིས་ལས་མགོ་བསྐྱར་འཛུགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་རྫོང7གྱིས2022ལོའི་ཁག་དང་པོའི་རྣམ་གྲངས་གལ་ཆེན་གཅིག་སྡུད་སྒོས་ལས་མགོ་བསྐྱར་འཛུགས་ཀྱི་མཛད་སྒོ་བསྡུས།

ཐེངས་འདིའི་གཅིག་སྡུད་ཀྱིས་ལས་མགོ་བསྐྱར་འཛུགས་བྱེད་པའི་རྣམ་གྲངས238ཀྱི་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར1058.76ཡིན་པ་དང་། ད་ལོར་མ་དངུལ་སྒོར་དུང་ཕྱུར164.22གཏོང་འཆར་ཡོད་པ་རེད། རྣམ་གྲངས་ནང་འོད་ཤུགས་གློག་གཏོང་དང་། ཆུ་བེད་བཟོ་སྐྲུན། ཞིང་ཕྱུགས་ཐོན་རྫས་ཞིབ་ཚགས་ལས་སྣོན། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། དེའི་ནང་གཏེར་ལེན་ཁ་གྲོང་ཁྱེར་གྱི་ལས་མགོ་བསྐྱར་འཛུགས་རྣམ་གྲངས27ཡོད་པར་ལོ་འཁོར་གྱི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་37.74ཡིན་པ་དང་། ན་གོར་མོ་གྲོང་ཁྱེར་ལ་ལས་མགོ་བསྐྱར་འཛུགས་རྣམ་གྲངས97ཡོད་ཅིང་། ལོ་འཁོར་གྱི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར65.74ཡིན། མང་ཡ་གྲོང་ཁྱེར་ལ་ལས་མགོ་བསྐྱར་འཛུགས་རྣམ་གྲངས36ཡོད་ལ། ལོ་འཁོར་གྱི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར27.02ཡིན། ཏུའུ་ལན་རྫོང་ལ་ལས་མགོ་བསྐྱར་འཛུགས་རྣམ་གྲངས་ཁག17ཡོད་པ་དང། ལོ་འཁོར་གྱི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར3.92ཡིན།

ཁུལ་ཡོངས་ཀྱི2022ལོའི་ཁག་དང་པོའི་རྣམ་གྲངས238གཅིག་སྡུད་སྒོས་ལས་མགོ་བསྐྱར་འཛུགས་བྱས་པ་དང་། རྣམ་གྲངས་ལ་མ་དངུལ་གཏོང་ཚད་མང་ལ། རྣམ་གྲངས་ཀྱི་སྤུས་ཚད་མཐོ་བ། སྔོན་དཔག་ཕན་འབྲས་བཟང་བས། རྣམ་གྲངས་འཛུགས་སྐྲུན་བྱས་རྗེས་མཚོ་ནུབ་ཀྱི་ཐོན་ལས་སྦྲེལ་ཐག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་ཀྱི་སྟོབས་ཆེ་རུ་འགྲོ་བ། ཐོན་ལས་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཐོན་ལས་ཀྱི་རིམ་པ་མཐོ་རུ་གཏོང་བ་བཅས་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་དང་གསོན་ཤུགས་གསར་པ་སྣོན་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།