ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཤར་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་རྣམ་གྲངས་གལ་ཆེན་གཅིག་སྡུད་སྒོས་ལས་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའིའཕྲིན། ཟླ3པའི་ཚེས23ཉིན། མཚོ་ཤར་གྲོང་ཁྱེར་གྱི2022ལོའི་དུས་ཚིགས་དང་པོའི་རྣམ་གྲངས་གལ་ཆེན་གཅིག་སྡུད་སྒོས་ལས་མགོ་བསྐྱར་ཚུགས་བྱེད་པའི་མཛད་སྒོ་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ལྗང་མདོག་ཐོན་ལས་གླིང་དུ་སྤེལ། 

ད་ལོ་མཚོ་ཤར་གྲོང་ཁྱེར་གྱིས་བསྡོམས་པས་རྣམ་གྲངས1027ལག་བསྟར་བྱས་པ་དང་། དེར་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར2289.9བཏང་ཡོད་ཅིང་། ལོ་འདིའི་ནང་དངུལ་གཏོང་སྒོར་དུང་ཕྱུར311གཏོང་རྩིས་ཡོད། དེའི་ནང་དུས་ཚིགས་དང་པོར་གཅིག་སྡུད་སྒོས་ལས་མགོ་བསྐྱར་ཚུགས་ཀྱི་རྣམ་གྲངས245ཡོད་ཅིང་། དངུལ་གཏོང་བསྡོམས་འབོར་སྒོར་དུང་ཕྱུར974.6ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར28གཏོང་རྩིས་ཡོད། རྣམ་གྲངས་དེའི་ནང་རྨང་གཞིའི་སྒྲིག་ཆས་དང་ཐོན་ལས་འཕེལ་རྒྱས། གྲོང་ཁྱེར་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག དམངས་འཚོ་འགན་སྲུང་། ས་གཤིས་གསར་སྤེལ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། 

རྣམ་གྲངས་དེ་དག་ལག་བསྟར་བྱེད་པ་ནི་མཚོ་ཤར་གྲོང་ཁྱེར་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གཅིག་སྡུད་བྱེད་པ་དང་། ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་འཛུགས་སྐྲུན་གྱི་སྤུས་ཚད་ནུས་ལྡན་ངང་ཇེ་ལེགས་སུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་བཅས་ཀྱི་གནད་འགག་ཡིན། ད་ལྟ་མཚོ་ཤར་གྲོང་ཁྱེར་གྱི་རྣམ་གྲངས98གཅིག་སྡུད་སྒོས་ལས་མགོ་བརྩམས་པ་དང་། མཚོ་ཤར་གྲོང་ཁྱེར་གྱི་ལས་མགོ་བསྐྱར་ཚུགས་རྣམ་གྲངས་ཀྱི་མགོ་དངོས་སུ་བརྩམས་པ་རེད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།