ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་དགུན་དཔྱིད་ཀྱི་རྨོ་འདེབས་གྲ་སྒྲིག་བྱ་བར་རོགས་རམ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ལྟར་རོགས་སྐྱོབ་ཁ་གསབ་མ་དངུལ་སྤྲད་ནས་ཞིང་ཆེན་ཡོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དགུན་དཔྱིད་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱས་ནས། དམངས་ཀྱི་ཆེད་དུ་འགན་འཁྲི་ནན་ཏན་གྱིས་བསྒྲུབས་པ་དང་། གནོད་ཐེབས་ས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱས་ཤིང་། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་གྱི་བླང་བྱར་གདོང་གཏད་ནས། དཀའ་ངལ་ཡོད་པའི་ཚོགས་སྤྱིར་གྲལ་བཤེར་དང་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་། གསར་འགོད་པས་ཟླ3པའི་ཚེས17ཉིན་ཤེས་གསལ་བྱུང་བ་ལྟར་ན། ཉིན་འགར་བསྟུད་མར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་དགུན་དཔྱིད་ཀྱི་རྨོ་འདེབས་གྲ་སྒྲིག་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་རོགས་རམ་བྱས་ནས། གནོད་འཚེའི་དབང་གིས་དབུལ་པོར་གྱུར་པ་དང་དབུལ་པོ་བསྐྱར་ལོག་གི་གནས་ཚུལ་སྔོན་འགོག་བྱས་པ་རེད།

ད་ལོ་ཞིང་ཆེན་དམངས་སྲིད་ཐིང་གིས་དགུན་དཔྱིད་སྐབས་སུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་པར་དམིགས་ནས། ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་དུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་27.8བཏང་ནས་ས་གནས་ཁག་ལ་སྤྱི་ཚོགས་རོགས་སྐྱོབ་འགན་ལེན་སྲིད་ཇུས་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱས། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་ཁྲི35.08དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ཁྲི་1.69ལ་ཐེངས་གཅིག་རང་བཞིན་གྱི་དྲོད་ལེན་ཁ་གསབ་དང་། “དུས་ཆེན་གཉིས”ལ་སྤྲོད་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་རོགས་སྐྱོབ་ཁ་གསབ་རོགས་དངུལ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་དངུལ་སོགས་ཁྱོན་སྒོར་དུང་ཕྱུར4.9བཏང་སྟེ། དཀའ་ངལ་ཡོད་པའི་མང་ཚོགས་རྣམས་དགུན་དཔྱིད་གཉིས་ཀྱི་དུས་ཚིགས་བརྟན་འཇགས་ངང་སྐྱེལ་ཐུབ་པར་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།