ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་གནམ་གྲུ་ཐང་བསྒྱུར་བཀོད་རྒྱས་སྐྲུན་ལས་གཞིའི་འཕུར་སྐྱོད་ཁུལ་གྱི་རྣམ་གྲངས་ལས་མཇུག་བསྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུས་ཧྲུའུ་གནམ་གྲུ་ཐང་གི་བསྒྱུར་བཀོད་རྒྱས་སྐྲུན་བྱས་པའི་འཕུར་སྐྱོད་ཁུལ་གྱི་ལས་གཞི་བདེ་བླག་ངང་ལས་མཇུག་བསྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས།  དེ་ལས་བསྒྱུར་བཀོད་རྒྱས་སྐྲུན་ལས་གཞི་དངོས་སུ་ལེགས་འགྲུབ་བྱུང་ནས་སྤྱོད་མགོ་རྩོམ་ལ་ཉེ་བ་མཚོན་གྱིན་ཡོད། 

ཤེས་གསལ་ལྟར་ན། ཡུས་ཧྲུའུ་གནམ་གྲུ་ཐང་གི་བསྒྱུར་བཀོད་རྒྱས་སྐྲུན་ལས་གཞི་ནི་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་བོད་འབྲེལ་ས་ཁུལ་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་གཅིག་དང་མཐོ་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་གཞི་ཀྱང་ཡིན། ཡུས་ཧྲུའུ་གནམ་གྲུ་ཐང་གི་ལས་གཞིའི་རྒྱས་སྐྲུན་ཁྲོདCརིགས་གནམ་གྲུ་འབབ་ཚིགས9དང་། སྨི་གྲུ་བཞི་མ5700ཅན་གྱི་མཁའ་འགྲུལ་ས་ཚིགས་ཐོག་ཁང་། སྨི་གྲུ་བཞི་མ6000ཅན་གྱི་རླངས་འཁོར་འཇོག་ས་བཅས་སྐྲུན་ནས་ར་བའི་ནང་གི་འགྲོ་ལམ་དང་། གློག་དང་ཆུ་མཁོ་འདོན། མེ་ཟོན། མཁའ་ལམ་དོ་དམ་སོགས་འབྲེལ་ཡོད་གཞོགས་འདེགས་ཐོན་སྐྱེད་དང་འཚོ་བའི་སྒྲིག་བཀོད་སོགས་བསྒྱུར་བཀོད་བྱ་རྒྱུ་རེད།  བསྒྱུར་བཀོད་རྒྱས་སྐྲུན་ལས་གཞི་བསྐྲུན་རྗེས་ཡུས་ཧྲུའུ་ས་ཁུལ་གྱི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཁྱབ་རྒྱ་སྔར་ལས་ཆེ་རུ་གཏོང་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་པ་མ་ཟད། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པ་རེད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།