ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་རྨ་ལྷོའི་རིན་མི་དགོས་པའི་ཞོགས་ཟས་ཀྱིས་མི་སེམས་ལ་དྲོད་སྐྱིད་བསྩལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞོགས་པའི་ཆུ་ཚོད་8པར། རེས་སྐོར་དང་པོའི་གད་འཕྱག་ལས་དོན་མཇུག་འགྲིལ་རྗེས། མཁའ་མོ་སྐྱིད་དང་རོགས་པ་ཚོ་བརྩེ་སེམས་ཞོགས་ཟས་ཟ་ཁང་དུ་ཞོགས་ཟས་ཟ་བར་བསྐྱོད།

2.jpg

ཟླ3པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ཁོར་ཡུག་གཙང་སྦྲའི་ལས་བཟོ་པ་འགའ་ཞིག་གིས་ཐུན་རིན་གྲོང་ཁྱེར་གྱི་བརྩེ་སེམས་ཞོགས་ཟས་ཟ་ཁང་ཞིག་ཏུ་ཞོགས་ཟས་ཟ་བཞིན་པའི་ཚུལ་རེད།

ན་ནིང་གི་ཟླ11པ་ནས་བཟུང་ང་ཚོས་ཉིན་ལྟར་ཞོགས་པར་རིན་མེད་ངང་སྐམས་ཤའི་ཐུག་པ་དཀར་ཡོལ་གང་འཐུང་བཞིན་ཡོད་པས། སེམས་སུ་དྲོད་སྐྱིད་ཀྱི་སྣང་བས་ཁེངས་ཡོད། ཞེས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཁོར་ཡུག་གཙང་སྦྲ་པའི་རིན་མེད་བརྩེ་སེམས་ཞོགས་ཟས་ཟ་ཁང་དུ་ཁོར་ཡུག་གཙང་སྦྲའི་ལས་བཟོ་པ་མཁའ་མོ་སྐྱིད་ཀྱིས“དྲོད་སྐྱིད་ལྡན་པའི་ཞོགས་ཟས”སྐོར་གླེང་སྐབས། རང་དབང་མེད་པར་བསྔགས་བརྗོད་ཡང་ཡང་བྱེད།

རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་དུ་ཁོར་ཡུག་གཙང་སྦྲའི་ལས་བཟོ་པ་དང་འགྲིམ་འགྲུལ་ཉེན་རྟོག་པ། གྲོང་ཁྱེར་དོ་དམ་གྱི་རུ་མི་སོགས་ཕྱི་རོལ་གྱི་ལས་དོན་མི་སྣ500ལྷག་གིས་མཁའ་མོ་སྐྱིད་དང་འདྲ་བར་རིན་མེད་ངང“དྲོད་སྐྱིད་ལྡན་པའི་ཞོགས་ཟས”བཟའ་བཞིན་ཡོད། ཐུན་རིན་གྲོང་ཁྱེར་དོ་དམ་ལྟ་ཞིབ་རུ་ཆེན་གྱི་རུ་དཔོན་ཀླུ་རྒྱལ་སྐྱབས་ཀྱིས“དྲོད་སྐྱིད་ལྡན་པའི་ཞོགས་ཟས”དེ་མི་རེར་ཉིན་རེར་སྒོར8ཀྱི་ཚད་གཞི་ལྟར་རྩིས་ཞུ་བྱེད་བཞིན་ཡོད་པ་དང་། དེའི་འགྲོ་གྲོན་ནི་ནོར་སྲིད་དང་བཟོ་ཚོགས། གྲོང་ཁྱེར་དོ་དམ། ཚོང་དུད་བཅས་ཀྱིས་བསྡུར་ཚད་ལྟར་འགན་ཁུར་བ་དང་། ཁོར་ཡུག་གཙང་སྦྲའི་ལས་བཟོ་པས་འགྲོ་གྲོན་བགོས་པའི་བསྡུར་གྲངས་ཀྱིས་འགན་འཁུར་རྒྱུ་དང་ཁོར་ཡུག་གཙང་སྦྲའི་བཟོ་པས་འགྲོ་གྲོན་གཏོང་དགོས་ཀྱིན་མེད་ཅེས་ངོ་སྤྲོད་བྱས།

མིག་སྔར་ང་ཚོས་ཐུན་རིན་གྲོང་ཁུལ་དུ་ཞབས་ཞུ་ལེགས་ཤིང་སྤུས་ཚད་མཐོ་བ། ཡིད་ཆེས་ཆེ་བ་བཅས་ཀྱི་གཏན་འཇགས་ཟ་ཁང10བདམས་ནས་ཕྱི་རོལ་གྱི་ལས་དོན་པར་རིན་པ་མི་དགོས་པར་ཞོགས་ཟས་མཁོ་འདོན་བྱས་ཤིང་། ཁོང་ཚོས་ཐག་ཉེ་ས་ནས་ཞོགས་ཟས་ཟ་ཁང་འདེམས་ཆོག་པ་དང་། མིའི་ངོ་རིས་གསལ་འབྱེད་བརྒྱུད་ཞོགས་ཟས་བཟས་ཆོག་ཅེས་ཀླུ་རྒྱལ་སྐྱབས་ཀྱིས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། རྨ་ལྷོ་ཁུལ་གྱི“དྲོད་སྐྱིད་ལྡན་པའི་ཞོགས་ཟས”བཟོ་འགོད་དེ་རྨ་ལྷོ་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་གསུམ་དུ་ལག་བསྟར་བྱེད་མགོ་ཚུགས་པ་དང་། རྨ་ལྷོ་ཁུལ་གྱི་ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་། རྩེ་ཁོག་རྫོང་། རྨ་ལྷོ་སོག་རྫོང་བཅས་ཀྱི་ཁོར་ཡུག་གཙང་སྦྲའི་ལས་བཟོ་པ་དང་འགྲིམ་འགྲུལ་ལས་རོགས་ཉེན་རྟོག་པ། གྲོང་ཁྱེར་དོ་དམ་རུ་མི་སོགས་ཕྱི་རོལ་གྱི་ལས་དོན་མི་སྣས་ཉིན་ལྟར་དྲོད་སྐྱིད་ལྡན་པའི་བཟོ་འགོད་ཀྱི་རིན་མེད་ཞོགས་ཟས་ལོངས་སྤྱོད་བྱས་ཆོག །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།