ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས6ཀྲུང་གོའི་ས་རྒོད་ཕྲུ་སློག་གི་དཀར་ཆག་ཏུ་བདམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེན་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེའི་ཐིང་ནས་ཤེས་གསལ་ལྟར་ན། ཞིང་ལས་ཞིང་སྡེ་པུའུ་ས་རྒོད་ཕྲུ་སློག་ཅུའུ་ཡིས་ཀྲུང་གོའི་ས་རྒོད་ཕྲུ་སློག་ཚོང་རྟོགས་དཀར་ཆག་བསྒྲགས་པ་དང་། རང་ཞིང་གི་ས་རྒོད་ཕྲུ་སློག་གི་ཚོང་རྟགས6དཔྱད་འདེམ་ལེགས་གྲུབ་བྱུང་། 

རྒྱུས་ལོན་པ་ལྟར་ན། འདེམ་ཐོན་བྱུང་བའི་ས་རྒོད་ཕྲུ་སློག་གི་ཚོང་རྟགས6ནི། མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་རྩྭ་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་གངས་ལྗོངས་ལེགས་སྨིན་དང་། མཚོ་སྔོན་ན་གོར་མོའི་ས་རྒོད་གསར་འཕེལ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་འཕང་འབྲས་རྒྱལ་པོ་དང་མྱ་ངན་ཐང་གི་ལྗང་མདོག་བདེ་ཐང་། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་ཞིང་ཕྱུགས་ལས་མ་རྐང་ཚད་ཡོད་ཀུང་སིའི་ཁྲི་ཀའི་དྭངས་གཙང་སོགས་ཞིང་ལས་ཐོན་རྫས་ཚོང་རྟགས4དང་། མཚོ་སྔོན་ཞིང་ཆེན་གཙང་གསུམ་སྡེ་ཚོགས་ཚོང་རྫས་གསོག་འཇོག་ཚད་ཡོད་ཀུང་སིའི་གཙང་གསུམ་གསེར་ལྗོངས་ཕྱུགས་ལས་དང་། མཚོ་སྔོན་གཙང་གསུམ་ཡོན་མུའུ་ཞིང་ལས་མ་རྐང་ཚད་ཡོད་ཀུང་སིའི་གཙང་གསུམ་ཡོན་མུའུ་སོགས་ཞིང་ལས་ཁེ་ལས་ཚོང་རྟགས2བཅས་ཡིན། 

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་མཐོ་སྒང་གི་ཞིང་ཕྱུགས་དཔལ་འབྱོར་ཁྱད་ཆོས་དང་ཟུང་འབྲེལ་གྱིས་སྤུས་ལེགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཚོང་རྟགས་ཧུར་ཐག་གིས་གསོ་སྐྱོང་དང་འཛུགས་སྐྲུན་བྱས་ཤིང་། ད་ལྟའི་བར་དུ། སྔ་རྗེས་སུ་ཚོང་རྟགས10ཀྲུང་གོའི་ས་རྒོད་ཕྲུ་སློག་གི་ཚོང་རྟགས་དཀར་ཆག་ཏུ་བདམས་པ་དང་། དེའི་ཁྲོད་ཞིང་ལས་ཐོན་རྫས་ཚོང་རྟགས6དང་ཞིང་ལས་ཁེ་ལས་ཚོང་རྟགས4ཡོད་ཅིང་། ནོར་ནག་དང་། བོད་ལུག ལོག་དཀར། འཕང་འབྲས་སོགས་དང་འབྲེལ་བའི་ཁྱད་ལྡན་ཐོན་ལས་མང་པོ་ཞིག་ཡོད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།