ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཕྱིར་ཟི་ལིང་དུ་ཐོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས་ཕྱིར་ཟི་ལིང་དུ་ལོག

གྲོས་ཚོགས་སྐབས་སུ། ཨུ་ཡོན་ཚོས་ཆབ་སྲིད་ཀྱི་སྤྲོ་སེམས་མཐོན་པོ་དང་འགན་འཁྲི་ཁག་ཁུར་མཐོན་པོས་སྲིད་གཞུང་བྱ་བའི་སྙན་ཞུ་སོགས་བྱ་བའི་སྙན་ཞུ་སྣ་ཚོགས་ལ་གྲོས་སྡུར་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་འདོན་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་གྲོས་ཞིབ་ནན་མོ་བྱས་ལ། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་གཉིས་ཀྱི་ཐད་ཤུགས་འདོན་པར་དམིགས་ནས་འགན་སྒྲུབ་ནན་མོ་བྱས་པ་དང་། མཚོ་སྔོན་གྱི་གནས་བཞི་འཛུགས་སྐྲུན་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ། ཁྱད་ལྡན་ཐོན་ལས་རྒྱབ་སྐྱོར། དམངས་ཚིས་ལེགས་བསྒྱུར་སོགས་ཕྱོགས་ལ་དམིགས་ནས་གྲོས་ཚོགས་ལ་གྲོས་གཞི་རེ་གཉིས་སྤྲད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅིན་ཧྭ་ཡིས་བཤད་རྒྱུར། གྲོས་ཚོགས་བདེ་བླག་ངང་གྲོལ་བ་དང་། ངས་ལོ་གསར་བའི་ནང་གི་འགན་འཁྲི་ཡང་ལག་བསྟར་བྱེད་འགོ་བརྩམས། ཕྱིར་ལོག་རྗེས། ངས་གྲོས་ཚོགས་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བཟང་བོ་དང་་བརྒྱུད་སྒྲོག་བྱེད་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོས་ཚོགས་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱེད་པ་མ་ཟད། རང་ཉིད་ཀྱི་བྱ་བའི་ཁྲོད་ལག་བསྟར་བྱེད་རྒྱུ་ཡིན། ཨུ་ཡོན་གྱི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་བདེ་སྐྱིད་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྭན་ཝིན་ལེན་གྱིས་བཤད་རྒྱུར། འདི་ནི་མཐུན་སྒྲིལ་དམངས་ཚིས་དང་མི་སེམས་འགུལ་བ། བདེན་འཚོལ་དངོས་གཉེར། མཉམ་དུ་འཕེལ་རྒྱས་ལ་འཆར་འགོད་བྱེད་པའི་གྲོས་ཚོགས་ཤིག་ཡིན་པ་དང་། ཕྱིར་ལོག་རྗེས་ངས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། སྲོག་ཤིང་གི་གོ་དོན་ལ་རྒྱུས་ལོན་གསལ་བོ་བྱེད་པ། གྲོས་ཚོགས་ཀྱི་དགོངས་དོན་ཉིན་རྒྱུན་གྱི་བྱ་བའི་ཁྲོད་ཁྱབ་པར་བྱེད་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་འགན་འཁྲི་ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བློ་འདོན་ཤུགས་འབུལ་བྱེད་རྒྱུ་ཡིན།

ཨུ་ཡོན་ཚོས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། ཧུར་ཐག་གིས་སྙན་ཞུའི་ནང་བཏོན་པའི་དམིགས་འབེན་ལས་འགན་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་། ཆུ་ཚད་མཐོ་བའི་འགན་སྒྲུབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བ་དང་། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་སྒུག་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པ། གྲུབ་འབྲས་བཟང་བོས་ཀྲུང་གོ་གུང་ཁྲན་ཏང་གི་གྲོས་ཚོགས་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།