ཀྲུང་གོ་བོད་ཀྱི་དྲ་བ།

མདོ་ལ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི7རྐྱེན་ལམ་དུ་ཤོར་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2022ལོའི་ཟླ3པའི་ཚེས11ཉིན་གྱི་ཆུ་ཚོད17དང་སྐར་མ56སྟེང་དུ། རྒྱལ་ལམ་ལམ་ཐིག227གྱི་མདོ་ལ་རྫོང་མཁར་དམར་གྲོང་རྡལ་གྱི་ལམ་དུམ་ནས། མཁར་དམར་ནས་ཟི་ལིང་གི་ཕྱོགས་སུ་བསྐྱོད་ཀྱིན་པའི་ཟོག་སྐྱེལ་རླངས་འཁོར་ཞིག་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ། མི7རྐྱེན་ལམ་དུ་ཤོར་བ་དང་། མི2ལ་རྨས་ཡང་མོ་ཕོག་ཡོད།

དོན་རྐྱེན་བྱུང་རྗེས། འབྲེལ་ཡོད་སྡེ་ཁག་དུས་ཐོག་ཏུ་ཡུལ་དངོས་སུ་འབྱོར་བ་དང་དོན་རྐྱེན་ཐག་གཅོད་ཀྱི་ལས་དོན་སྤེལ།

མིག་སྔར། རྨས་མ་ཚང་མ་ས་ཁུལ་དེའི་ཉེ་འཁོར་གྱི་སྨན་ཁང་དུ་བསྐྱལ་བ་དང་ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱེད་བཞིན་ཡོད། འདས་པོའི་རྗེས་མཐུད་བྱ་བ་གོ་རིམ་ལྡན་པའི་ངང་བསྒྲུབ་བཞིན་ཡོད་ཅིང་། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་རེད། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།