ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོ་ཁུལ་གྱི་ལས་བྱེད་པ་སྟོང་ལྷག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས21ཉིན།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས2022ལོར་ཁུལ་ཡོངས་ཀྱི་ལས་བྱེད་པ་སྟོང་ལྷག་གཞི་རིམ་དུ་བསྐྱོད་པའི་ཞིང་གསུམ་ལས་དོན་བརྟན་པོའི་ངང་འཕེལ་རྒྱས་སུ་བཏང་ནས་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་པའི་བྱ་འགུལ་སྤེལ་བ་དང་།  གྲོང་ཚོའི་ཧྲུའུ་ཅི་དང་པོ་དང་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི372བདམས་ནས་སྒྲོག་འགྲེལ་ལས་དོན་ཚོགས་ཆུང124བཙུགས།  དེ་དང་ཆབས་ཅིག་ཁུལ་དང་རྫོང(གྲོང་ཁྱེར)ལས་ཁུངས137ནས་སྒྲོག་འགྲེལ་མི་སྣ274མངགས་ཏེ།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་གཅིག་སྡུད་བྱས་ནས།  ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ262ལ་ཁྱབ་པར་ཁེག་ཐག་བྱས་བྱས། 

གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་དོན་འཁྱོལ་བྱ་ཆེད།  རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས《2022ལོར་ཁུལ་ཡོངས་ཀྱི་ལས་བྱེད་པ་སྟོང་ལྷག་གཞི་རིམ་དུ་བསྐྱོད་པའི་ཞིང་གསུམ་ལས་དོན་བརྟན་པོའི་ངང་འཕེལ་རྒྱས་སུ་བཏང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་པའི་བྱ་འགུལ་གྱི་ལག་བསྟར་ཇུས་གཞི》དང《2022ལོར་ཁུལ་ཡོངས་ཀྱི་ལས་བྱེད་པ་སྟོང་ལྷག་གཞི་རིམ་དུ་བསྐྱོད་པའི་ཞིང་གསུམ་ལས་དོན་བརྟན་པོའི་ངང་འཕེལ་རྒྱས་སུ་བཏང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་པའི་བྱ་འགུལ་གྱི་ལྟ་སྐུལ་སློབ་སྟོན》འགྲེམས་སྤེལ་བྱས།  

ཤེས་གསལ་ལྟར་ན།  བྱ་འགུལ་དེ་ཟླ2པའི་ཚེས21ཉིན་ནས་ཟླ3པའི་ཚེས21ཉིན་བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་དང་།   དུས་ཡུན་ཉིན29ཡི་དུས་ཚོད་བེད་སྤྱད་ནས།  “སྲིད་ཇུས་གླེང་བ་དང་ཞབས་ཞུ་བྱེད་པ།  དར་རྒྱས་གཏོང་བར་སྐུལ་འདེད་བྱེད་པ།  བརྟན་ལྷིང་འགན་ལེན་བྱེད་པ”བཅས་ཀྱི་བྱ་འགུལ་གྱི་ནང་དོན་དང་ཟུང་འབྲེལ་བྱས་ཏེ།  ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་དང་།  ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་ཚོགས་འདུ།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཅུ་པ་དང་ཐེངས་བཅུ་གཅིག་པ།  ཞིང་ཆེན་ཏང་ཨུའི་རོང་འབྲོག་ཁུལ་གྱི་ལས་དོན་ཚོགས་འདུ།  ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བཅས་ཀྱི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་ནས།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་དང་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་པ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།