ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བརྙན་ལམ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་ཞིང་ཆེན་རིམས་ནད་འགོག་སྡོམ་བྱ་བའི་བརྙན་ལམ་ཚོགས་འདུར་མགོ་འཛིན་མཛད་ཅིང་། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དངོས་འབེབས་དོན་འཁྱོལ་བྱས་པ་དང་། ཉེ་ལམ་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བ་བརྡ་ཁྱབ་བཏང་ཞིང་། རྗེས་ཕྱོགས་ཀྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། 

ཚོགས་ཐོག་ནས་བསྟན་དོན། ད་ལོ་ནས་བཟུང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འགོག་སྡོམ་བྱེད་ཐབས་ཁག་སོ་སོ་ཞིབ་ཅིང་ནན་མོར་བཟུང་བ་དང་། ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”བདེ་བླག་ངང་འཚོགས་པ་དང་རིགས་སོ་སོའི་མང་ཚོགས་ཀྱིས་ཞི་འཇགས་བག་ཡངས་ཀྱི་དཔྱིད་གསར་དུས་ཆེན་རོལ་ཆེད་འགན་ལེན་བརྟན་པོ་འདོན་སྤྲོད་བྱས། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་གནས་བབ་སྔར་བཞིན་ཛ་དྲག་ཆེ་བས། འགོག་སྡོམ་བྱ་བ་སྐད་ཅིག་ཙམ་ལའང་ལྷོད་གཡེང་དུ་གཏོང་མི་རུང་བར། མུ་མཐུད་དུ་ཆད་པ་ཁ་གསབ་དང་། སྐྱོན་ཆ་ཡོ་བསྲང་། ཞན་ཆ་སྐོང་བ་བཅས་བྱས་ཏེ། རིམས་ནད་འབྱུང་བར་སྟོབས་ཤུགས་ཡོད་རྒུས་འགོག་སྲུང་ནན་མོ་བྱེད་དགོས། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“ཕྱི་ནས་ནང་མཆེད་དང་ནང་ནས་བསྐྱར་འབྱུང་འགོག་པའི”སྤྱིའི་འཐབ་ཇུས་རྒྱུན་འཁྱོངས་དང་། “འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་གཡོ་འགུལ་མེད་པར་ལག་བསྟར་བྱས་ཏེ། བསམ་བློའི་སྟེང་ནས་སྔར་བས་མཐོང་ཆེན་བྱེད་པ་དང་། ཆབ་སྲིད་ལངས་གནས་སྔར་ལས་ལྷག་པར་མཐོར་འདེགས་པ། “ཕྱོགས་བཞིའི་འགན་འཁྲི”ནན་མོར་འཛིན་དགོས། བྱེད་ཐབས་སྟེང་སྔར་བས་ལེགས་སྒྱུར་བྱེད་པ་དང་། ཆ་འཕྲིན་ཅན་གྱི་ལག་ཐབས་བེད་སྤྱོད་ལེགས་པོ་བྱས་ཏེ། ཚན་རིག་དང་མཐུན་པར་གནད་ལ་ཁེལ་བའི་སྒོ་ནས་འགོག་སྡོམ་ཐག་གཅོད་མངོན་འགྱུར་བྱེད་དགོས། བྱ་བའི་སྟེང་སྔར་བས་ཤུགས་འདོན་པ་དང་། ལྟ་རྟོག་ཞིབ་བཤེར་མ་ལག་འཐུས་ཚང་བཙུགས་ཏེ། མི་དངོས་ཁོར་ཡུག་མཉམ་འགོག་རྒྱུན་སྐྱོང་དགོས། འགོག་ཁབ་རྒྱག་པའི་སྟེང་སྔར་བས་སྐུལ་འདེད་བཏང་སྟེ། རང་ཞིང་གི་འགོག་ཁབ་བརྒྱབ་པའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་སྐྱེད་དགོས། གྲ་སྒྲིག་སྟེང་སྔར་བས་ཞིབ་ཚགས་བྱེད་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་འགོག་སྡོམ་བཀོད་འདོམས་མ་ལག་དུས་དང་རྣམ་པ་ཀུན་ཏུ་འཁོར་སྐྱོད་ཀྱི་རྣམ་པར་གནས་བར་བྱས་ཏེ། འཕྲལ་བསྟུན་ཐག་གཅོད་གྲ་སྒྲིག་ལེགས་པོར་སྒྲུབ་དགོས། ལྟ་སྐུལ་སྟེང་སྔར་བས་རྗེས་སྙེག་བྱེད་པ་དང་། ལྟ་རྟོག་བརྟག་དཔྱད་མུ་མཐུད་དུ་སྤེལ་ཏེ། གོ་རིམ་སོ་སོའི་འགོག་སྡོམ་བྱེད་ཐབས་ངེས་པ་དོན་གྱིས་དངོས་འབེབས་དངོས་གཉེར་བྱེད་དགོས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།