ཀྲུང་གོ་བོད་ཀྱི་དྲ་བ།

མགོན་པོ་བཀྲ་ཤིས་ཀྱིས་མཐོ་སྒང་གི་གསོ་རིག་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས15ཉིན་ནས་ཚེས16ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཨུ་ཡོན། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་གྲུབ་པའི་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ། ཞིང་ཆེན་མཐོ་སྒང་གསོ་རིག་ཚན་རིག་ཞིབ་འཇུག་གླིང་དང་མཚོ་སྔོན་སློབ་ཆེན་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་སུ་སོང་ནས། མཐོ་སྒང་བདེ་ཐང་ཁམས་གསོའི་གསོ་རིག་བྱ་བ་དང་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། ཨུ་ཡོན་ཚོས་མི་འགྱངས་པར་འཚོག་རྒྱུ་ཡིན་པའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་འགན་ནུར་ལག་བསྟར་གྱི་གྲ་སྒྲིག་བྱ་བ་དང་། དུས་མཚུངས་སུ། ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྐབས་སུ་བཏོན་པའི་གྲོས་གཞིར་བཤེར་སྒྲུབ་བྱས།

ཞིང་ཆེན་མཐོ་སྒང་གསོ་རིག་ཚན་རིག་ཞིབ་འཇུག་གླིང་དུ། མགོན་པོ་བཀྲ་ཤིས་འཁོར་དང་བཅས་པས་མཐོ་སྒང་མྱུར་སྐྱོབ་ལྟེ་གནས་ཚོད་ལྟ་ཁང་དུ་ལྟ་སྐོར་བྱས་པ་དང་། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲིན་བུའུ་ཐེན་དབྱི་ཡིས་མཐོ་སྒང་བདེ་ཐང་ཁམས་གསོའི་གསོ་རིག་ཞིབ་འཇུག་བྱ་བའི་གནས་ཚུལ་མཚམས་སྦྱོར་ལ་ཉན་པ་དང་། དེའི་རྗེས་སུ་བཞུགས་མོལ་ཚོགས་འདུ་བསྡུས། མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། འཚོ་བའི་ཆུ་ཚད་མཐོར་འདེགས་སུ་སོང་བ་དང་བསྟུན་ནས། མི་རྣམས་ཀྱིས་ནད་མེད་ཚེ་རིང་གི་དགོས་མཁོ་སྔར་ལས་ཆེ་བ་དང་། མཐོ་སྒང་ཁམས་གསོའི་གསོ་རིག་དེ་རྗེས་ཕྱོགས་ཀྱི“ཉི་གཞོན་ཐོན་ལས”སུ་འགྱུར་ངེས་ཡིན་ཟེར། ཟི་ལིང་གི་ས་བབ་མཐོ་ཚད་འོས་འཚམས་ཡིན་པ་དང་། མཁའ་དབུགས་ལེགས་ཤིང་། རི་ཆུ་སྔོ་ཞིང་དྭངས་ལ། མི་གནས་ལ་འཚམས་པ་ཡིན། ཡོན་ཧྲི་བུའུ་ཐེན་དབྱི་ནི་རྒྱལ་ནང་གི་དབྱང་དབུགས་དམའ་བའི་སྐྱེ་ཁམས་དང་མཐོ་སྒང་གསོ་རིག་གི་ཆེད་མཁས་པ་ཡིན་ལ། ཁོ་དང་ཁོའི་ཚོགས་པས་ཟི་ལིང་དུ་མཐོ་སྒང་བདེ་ཐང་ཁམས་གསོའི་ཐད་ཀྱི་ཞིབ་འཇུག་བྱ་བ་སྒྲུབ་པ་དང་། མཚོ་སྔོན་གྱི་མཐོ་སྒང་ཁམས་གསོ་གསོ་རིག་འཕེལ་རྒྱས་དང་། ཐོན་ལས་ཐད་རང་བྱུང་ཁོར་ཡུག་དང་འཇོན་མའི་དགེ་མཚན་ལྡན། རེ་བར་ཚང་མས་མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་བེད་སྤྱོད་ལེགས་པོ་བྱས་ཏེ། མཐོ་སྒང་ཁམས་གསོའི་གསོ་རིག་གི་ཞིབ་འཇུག་དང་གྲུབ་འབྲས་བེད་སྤྱོད་ལེགས་པོ་བྱེད་དགོས་ཚུལ་བསྟན། 

མཚོ་སྔོན་སློབ་ཆེན་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་སུ། མགོན་པོ་བཀྲ་ཤིས་འཁོར་དང་བཅས་པ་ཀྲུང་ལུགས་བོད་སྨན་ཞིབ་འཇུག་ཁང་དང་། སྐྱེ་དངོས་དང་སྤྲི་དཀར་བཟོ་སྐྲུན་ཞིབ་འཇུག་ཁང་སོགས་སུ་སོང་ནས། དགེ་རྒན་ཆེན་མོ་ཀི་རུ་ལི་ཡི་ཞིབ་འཇུག་ཚོགས་པས་ཞིབ་འཇུག་གི་གྲུབ་འབྲས་དང་ཞིབ་འཇུག་ལྟེ་གནས་འཕེལ་རྒྱས་འཛུགས་སྐྲུན་གནས་ཚུལ་མཚམས་སྦྱོར་ལ་ཉན། མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། མཚོ་སྔོན་སློབ་ཆེན་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་བཙུགས་ནས་ལོ་འཁོར20འགོར་བའི་རིང་ལ། རྒྱལ་སྤྱིའི་མཐོ་སྒང་གསོ་རིག་ཁྱབ་ཁོངས་ཀྱི་ཐོད་བརྒལ་མང་པོ་མངོན་འགྱུར་བྱུང་བ་དང་། ཚན་རིག་གྲུབ་འབྲས་གཡུར་དུ་ཟ་བ་བླངས། རེ་བར་ཚན་རིག་ཞིབ་འཇུག་མི་སྣས་ཞིབ་འཇུག་གི་གྲུབ་འབྲས་དེ་མི་དམངས་མང་ཚོགས་ཀྱི་རོགས་རམ་དང་དགོས་མཁོར་འགྱུར་བར་བྱས་ཏེ། མཚོ་སྔོན་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ཐད་བྱས་རྗེས་འཇོག་པའི་འདོད་ཚུལ་བསྟན། 

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་དུ་གནང་སྐབས་ཀྱི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་རྟོག་ཞིབ་ཞིབ་འཇུག་བྱས་ཏེ། མཉམ་དུ་གྲོས་གཞིར་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས། སྤུས་ཚད་མཐོ་བའི་གྲོས་གཞི་འདོན་པར་འབད་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེགས་བུ་འདི་བརྒྱུད་དེ། རྒྱལ་ཁབ་ཀྱིས་རང་ཞིང་གི་མཐོ་སྒང་བདེ་ཐང་ཁམས་གསོའི་གསོ་རིག་དང་ཐོན་ལས་འཕེལ་རྒྱས། དེ་མིན་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ཐད་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། མཐོ་སྒང་གསོ་རིག་གིས་རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་རུ་འཇུག་དགོས་ཞེས་བསྟན།། 

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་དང་ཝང་ཀྲིན་ཁྲང་མཉམ་དུ་རྟོག་ཞིབ་ལ་ཞུགས།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།