ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འགལ་ཚོང་གཉེར་དོན་རྐྱེན་ཞིག་རྩད་ཆོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས15ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ནས་ཤེས་གསལ་ལྟར་ན། ལོ་སར་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བདེ་སྲུང་གཏན་འཇགས་ཀྱི་གནད་འགག་གི་སྐབས་སུ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མྱུལ་ཞིབ་རུ་ཁག་གིས་མུ་མཐུད་དུ“ཉེན་ཁ་འགོག་སྲུང་དང་ཉེན་ཁ་མེད་པར་བཟོ་བ། གྱོད་དོན་བྱུང་ཚད་དམའ་རུ་གཏོང་བ། བདེ་འཇགས་ལ་ཁག་ཐེག་བྱེད་པའི”ཆེད་དོན་ལས་འགུལ་སྤེལ་བ་དང་། འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་ལ་ཟུང་འབྲེལ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། ཚོང་རའི་སྒྲིག་ལམ་གཏོར་བརླག་གི་དངུལ་རྩའི་ཁྱབ་ཁོངས་དོན་རྐྱེན་ལ་དམིགས་ཏེ།དུས་ཡུན་རིང་བོའི་བྱ་བ་སྒྲུབ་པ་བརྒྱུད། ཟླ2པའི་ཚེས11ཉིན་ཁྲིམས་འགལ་གྱི་ཚོང་གཉེར་དོན་རྐྱེན་ཞིག་རྩད་ཆོད་དེ་དོགས་ཡོད་ཉེས་ཅན2འཛིན་བཟུང་བྱས་ཤིང་དོན་རྐྱེན་དང་འབྲེལ་བའི་མ་དངུལ་སྒོར་དུང་ཕྱུར1.2རྩད་ཞིབ་བྱས། 

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མྱུལ་ཞིབ་ཡན་ལག་རུ་ཁག་གིས་སྔོན་མའི་བྱ་བ་སྒྲུབ་པ་ལས་ཤེས་གསལ་ལྟར་ན། 2021ལོའི་ཟླ3པ་ནས་ཟླ5བའི་བར། དོགས་ཡོད་ཉེས་ཅན་མཱ་ཆེ་གེ་མོ་གཙོས་ནག་ཉེས་ཚོགས་པས་ཟི་ལིང་གྲོང་ཁྱེར་གྱི་དངུལ་ཁང་མང་པོར་སྒེར་གྱི་རྩིས་ཐོ་སྒྲིག་འཛུགས་བྱས་པའི་དུས་མཚུངས་སུ། ཕྱི་རྒྱལ་གྱི་དངུལ་ཁང་དུ་ཀུང་སིའི་ཁེ་ལས་རྩིས་ཐོ་བཙུགས་པ་དང་། ཁྲིམས་འགལ་ངང་སྒོར་མོ་གསོག་ཉར་བྱས་པ་མ་ཟད། སྐད་འཕྲིན་དང་ཁྱིམ་ཚང་དུ་སོང་ནས་ཁྱབ་གདལ་དུ་གཏོང་བའི་རྣམ་པས་ཀོང་ཏུང་དང་ཀྲེ་ཅང་། པེ་ཅིང་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན10ལྷག་ཏུ་ཁྲིམས་འགལ་གྱི་ཕྱི་སྒོར་བརྗེ་བསྒྱུར་གྱི་ལས་གཉེར་སྤེལ་བ་དང་། དོགས་ཡོད་ཉེས་ཅན་གྱིས་མ་དངུལ་ལྐོག་ལེན་གྱི་རྣམ་པས། མི་གཞན་བར་ཁྲིམས་འགལ་གྱི་མ་དངུལ་རྩིས་སྤྲོད་ཐབས་ལམ་སྒྲིག་འཛུགས་བྱས་ཏེ། དངུལ་རྩའི་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཟོས། 

དོན་རྐྱེན་དེ་རྩད་ཆོད་པ་དེས་རྒྱལ་ཁོངས་བརྒལ་ཏེ་ཁྲིམས་འགལ་ངང་མ་དངུལ་གསོག་ཉར་བྱེད་པའི་ཐབས་ལམ་གཏོར་བ་མ་ཟད། མྱུལ་ཞིབ་རུ་ཁག་གིས་དོན་རྐྱེན་གྱི་ཚོང་གཉེར་དང་ཁུངས་སྣེ་སྔོག་འདོན་བྱས་པ་བརྒྱུད། ཁྲིམས་འགལ་གྱི་སྒོར་མོ་གསོག་ཉར་དོན་རྐྱེན་མང་པོ་ཞིག་རྩད་གཅོད་བྱེད་པར་ཧུར་བརྩོན་བྱས་ཏེ། གྲུབ་འབྲས་ཆེ་རུ་གཏོང་བ་མངོན་འགྱུར་དང་། དངུལ་རྩའི་ཚོང་རའི་སྒྲིག་ལམ་ལེགས་པོ་ཞིག་གསར་སྐྲུན་བྱེད་པར་བྱས་རྗེས་བཞག 

ད་ལྟ། གོང་གི་དོགས་ཡོད་ཉེས་ཅན2ཉེས་དོན་འཛིན་བཟུང་བྱས་པ་དང་། དོན་རྐྱེན་དེ་མྱུལ་སྒྲུབ་བྱེད་བཞིན་པའི་སྒང་ཡིན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།