ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཅེ་ཞང་གིས་མཚོ་སྔོན་ཐཱན་མེད་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལི་ཅེ་ཞང་གིས་མཚོ་སྔོན་ཐཱན་མེད་ཐོན་ལས་གླིང་ཁུལ་འཆར་འགོད་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་དང་། མཚོ་སྔོན་དུ་རྟོག་ཞིབ་དུ་ཕེབས་སྐབས་ཀྱི་གསུང་བཤད་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། དཔེ་སྟོན་སྣེ་ཁྲིད་དང་ལྗང་མདོག་ཚུལ་བསྒྱུར་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་མཚོ་སྔོན་ཐཱན་མེད་ཐོན་ལས་གླིང་ཁུལ་གསར་སྐྲུན་བྱེད་དགོས་ཞེས་བསྟན། 

ལི་ཅེ་ཞང་མཚོ་ཤར་ཙོང་ཆུ་ཁུལ་གསར་དུ་ཡོང་ནས། ཐཱན་མེད་ཐོན་ལས་གླིང་ཁུལ་འཆར་འགོད་དང་ལས་མགོ་རྩོམ་པའི་གྲ་སྒྲིག དེ་མིན་བཙོག་མེད་གློག་འདོན་བཟོ་སྐྲུན་འཛུགས་སྐྲུན་སྐུལ་འདེད་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ཐཱན་མེད་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་པ་ནི། ཐཱན་མེད་འཕེལ་རྒྱས་རྣམ་པ་དང་མགྱོགས་མྱུར་ངང་ཐཱན་མེད་ཐོན་ལས་མ་ལག་གསར་སྐྲུན་བྱས་ཏེ། “གནས་བཞི”འཛུགས་སྐྲུན་དང་། “ཐཱན་གཉིས”དམིགས་འབེན་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། མཐོང་ཆེན་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། ལས་འགན་ཇེ་དམ་དུ་བཏང་སྟེ། ཐཱན་མེད་ཐོན་ལས་གླིང་ཁུལ་བདེ་བླག་ངང་མགོ་རྩོམ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

མཚོ་ཤར་བཟོ་ལས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དུ། ལི་ཅེ་ཞང་གིས་མགོ་འཛིན་བྱས་ཏེ་ཐཱན་མེད་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་སྐུལ་འདེད་གྲོས་ཚོགས་བསྡུས་ནས། སྐྱེ་ཁམས་སྔོན་ལ་འཛིན་པ་དང་། ལྗང་མདོག་ཐཱན་མེད་འདུ་ཤེས་དེ་གླིང་ཁུལ་འཆར་འགོད་དང་འཛུགས་སྐྲུན། འཁོར་རྒྱུག དོ་དམ་གྱི་གོ་རིམ་ཧྲིལ་བོ་དང་འབྲེལ་མཐུད་ཧྲིིལ་བོར་སྦྲེལ་དགོས། གླིང་ཁུལ་འཆར་འགོད་སྔོན་ལ་འཛིན་པ་དང་། མི་དང་རང་བྱུང་འཆམ་མཐུན་གཅིག་གྱུར། སྔོ་ལྗང་ཐཱན་མེད་འཕེལ་རྒྱས་ཀྱི་གནས་ཚད་མངོན་འགྱུར་དང་། སྤུས་ཚད་མཐོ་བའི་རྒྱུན་མཐུད་འཛུགས་སྐྲུན་འཁོར་རྒྱུག་མངོན་དགོས། བཅོས་བསྒྱུར་གསར་གཏོད་རྒྱུན་འཁྱོངས་དང་། སྒྲིག་སྲོལ་གསར་གཏོད། ལག་རྩལ་གསར་གཏོད། ལག་ལེན་གསར་གཏོད་རྒྱུན་འཁྱོངས་བྱས་ནས། དཔེ་སྟོན་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བྱེད་དགོས། དུས་རིམ་སྔོན་མའི་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ཏེ། འདུས་ཚད་མཐོ་ཞིང་ཕན་ནུས་དོ་དམ་ལྡན་པ། ལག་བསྟར་བྱས་ཆོག་པའི་སྲིད་ཇུས་བྱེད་ཐབས་སྐོར་ཞིག་བཏོན་ནས། བཙོག་མེད་གློག་འདོན་མཁོ་འདོན་སྤྱིའི་བྱེད་ཐབས་ཇེ་ལེགས་སུ་བཏང་སྟེ། ཐོན་ལས་ཐེབས་རྩ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། རྨང་གཞི་སྒྲིག་ཆས་ཀྱི་སྔོན་མའི་རྒྱུ་ཆ་འཐུས་ཚང་དུ་བཏང་ནས། ཐོན་ལས་གླིང་ཁུལ་གྱི་དུས་ཚིགས་དང་པོའི་ལས་མགོ་རྩོམ་པའི་འཛུགས་སྐྲུན་བྱ་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།