ཀྲུང་གོ་བོད་ཀྱི་དྲ་བ།

གཏེར་ལེན་ཁ་གྲོང་ཁྱེར་དུ་ལོ་གསར་གྱི་རྣམ་པའི་ཁེངས་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས25ཉིན།  ལུགས་རྙིང་ལོ་གསར་ཐོན་ལ་ཉེ་བའི་སྐབས་འདིར་གསར་འགོད་པ་མཚོ་ནུབ་སོག་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཐོན་ལས་ས་ཁོངས་སོ་སོར་སོང་ནས།   ལས་བཟོ་མི་སྣ་དང་མཉམ་དུ་རླངས་སྣུམ་ཐོན་སྐྱེད་ཁེ་ལས་ལ་གྲལ་བཤེར་བྱས་པ་དང་།  དུད་ཁྱིམ་དུ་བསྐྱོད་ནས་གསོ་སྤེལ་གནས་ཚུལ་ལ་ལྟ་ཞིབ། ཡུལ་དངོས་སུ་ཁྲོམ་རའི་མཁོ་སྤྲོད་དང་ཁྲོམ་རའི་སྒྲིག་ལམ་བཅས་ལ་ལྟ་ཞིབ་ནན་མོ་བྱས།  གྲོང་ཁྱེར་ཡོངས་སུ་མི་རིགས་སོ་སོའི་མང་ཚོགས་ཀྱིས་དགའ་སྤྲོའི་ངང་དཔྱིད་གསར་དུས་ཆེན་ལ་བསུ་མ་བྱེད་པའི་རྣམ་པ་གང་སར་ཁེངས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།