ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས4དང་མི་སྒེར6རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྔོན་ཐོན་མིང་ཐོའི་ཁྲོད་ཚུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས17ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་གསལ་ལྟར་ན། ཉེ་ཆར། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཟེངས་བསྟོད་བྱ་འགུལ་སྤེལ་བ་དང་། རང་ཞིང་གི་ལས་ཁུངས4དང་མི་སྒེར6ལ་གཟེངས་བསྟོད་ཐོབ། 

མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཞུང་ལས་ཁང་དང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བའེ་ཡོན་གྲོང་རྡལ་ཀྲའོ་ཀྲ་ཐང་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་བྲག་དམར་ཤང་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ལས་ཁུངས4ལ“རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྡེ་ཁག་སྔོན་ཐོན་ཐུན་མོང”གི་མཚན་སྙན་གནང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཤང་རྐྱང་ཆེན་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་རྡོ་རྗེ་སྒྲོལ་མ་དང་། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ནན་ཁྲོན་ཤར་ལམ་སྲང་ལམ་གཞིས་ཁུལ་ཏང་ཨུའི་ཧྲུའུ་ཅི་ཅིའི་ཞའོ་ཡན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་འབའ་ལུང་ཤང་ཐའོ་ཐའོ་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བུའུ་ཡུན་པའེ་ལིའི་ཀི།མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁེ་དབང་པུའུ་རིམ་པ་གཉིས་པའི་ཀྲུའུ་རེན་ཁོ་ཡོན་ཧྭ་ཀྲོང་ལིའི། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོར་རིགས་རང་སྐྱོང་རྫོང་ཧོང་ཅ་ཀྲའེ་གྲོང་རྡལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཅིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཕྱོགས་བསྡུས་ཁོ་ཡི་ཁོ་ཀྲང་མཱ་ཞའོ་ཅུན་སོགས་མི་སྒེར6ལ“རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྡེ་ཁག་ངལ་རྩོལ་དཔེ་ལེགས”དང“རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྡེ་ཁག་སྔོན་ཐོན་ལས་སྒྲུབ་པའི”མཚན་སྙན་གནང་། 

ཐེངས་འདིའི་གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་ནི་ཉེ་བའི་ལོ་ཤས་རིང་རང་ཞིང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྡེ་ཁག་གི་ཕུལ་བྱུང་འཐུས་མི་ཡིན། ཁོ་ཚོའི་བསམ་བློའི་སྣེ་ཁྲིད་ལ་མཐོང་ཆེན་དང་། བུད་མེད་མང་ཚོགས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ། ཏང་གི་རྗེས་སུ་འབྲངས་བ་དང་། རྒྱ་ཆེའི་བུད་མེད་ཀྱི་སྣེ་ཁྲིད་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ། དབུལ་ཐར་འགག་སྒྲོལ་ལས་རྣམ་པར་རྒྱལ་བ། པྲོག་གསར་གློ་ཚད་རིམས་ནད་སོགས་ཀྱི་བུད་མེད་ཀྱི་སྟོབས་ཤུགས་མངོན་ཞིང་། ཁོ་ཚོའི་ཁེ་དབང་སྲུང་སྐྱོང་དང་བརྩེ་སེམས་ཞབས་ཞུ་ལ་ཤུགས་བསྣན་ཏེ། ཏང་གི་བརྩེ་སེམས་དང་དྲོད་ཁོལ་དེ་བུད་མེད་མང་ཚོགས་ཀྱི་སེམས་སུ་སྐྱེལ་བ་དང་། ཁོ་ཚོས་མུ་མཐུད་དུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་བསྒྱུར་ཟབ་སྤེལ་དང་། ཏང་གིས་བུད་མེད་མང་ཚོགས་ཀྱི་བྱ་བར་རོགས་འདེགས་བྱེད་ནུས་འདོན་སྤེལ་བྱས་ཏེ། ཏང་གིས་སྲིད་སྐྱོང་པའི་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བར་བྱས་རྗེས་འཇོག་བཞིན་ཡོད་ཅེས་བསྟན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།