ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས23ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་དང་། གྲོས་ཚོགས་སུ་ཞུགས་དགོས་པའི་འཐུས་མི393ཡོད་པ་དང་། དངོས་ཞུགས་འཐུས་མི373ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མཱ་ཝེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ལག་བསྟར་ཀྲུའུ་ཞི་ཁྲེན་རོས་ཧྥིན་དང་མཱ་ཝེ། རྣམ་རྒྱལ། ཝང་ལིན་ཧུའུ། ཝང་ཏིན་པང་། ལུའེ་ཀང་། པད་གོ། ཚའེ་ཁྲིན་ཡུང་། ཀྲང་ཞའོ་ཅུན། ཝང་ཡའོ་ཁྲོན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། རྡོ་རྗེ་རབ་བརྟན། ཝང་ཞའོ་ཅུན། མགོན་པོ་བཀྲ་ཤིས། ལི་ཅེ་ཞང་། ཡུས་ཚུང་ལེ། མའ་ཅི་ཞའོ། ཡེན་པའེ། ལིའུ་ཀེ་ཕིང་། ཝང་ལི་མིང་། ཀྲའོ་ཡའེ་ཞ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད། 

གྲོས་ཚོགས་སྟེང་། སྔ་རྗེས་སུ་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་གི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙེ་ཅུན་གྱི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཞིབ་བཤེར་དཔོན་ཁྲ་ཆིན་ཅུག་གི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན།

ཀྲང་ཀོང་རུང་གིས་སྙན་ཞུ་འབུལ་སྐབས་བཤད་རྒྱུར། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན་ལ། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”མགོ་ཚུགས་པའི་ལོ་ཡང་ཡིན། ཞིང་ཆེན་ཨུ་ལྷན་གྱི་སྲ་བརྟན་གྱི་མགོ་ཁྲིད་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་མཛུབ་སྟོན་འོག ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་དོན་གལ་ཆེན་ནན་ཏན་གྱིས་ལག་བསྟར་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་། ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་གནས་སྟངས་གསར་པའི་ནང་འདྲེས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་པ། ཏང་གི་མགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས། ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ། དོན་དངོས་གཉེར་བར་འགན་འཁུར་ནས་བྱས་རྗེས་འཇོག་པ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱས་ནས། ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད། 2022ལོར་སླེབས་སྐབས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རླབས་ཆེན་གྱི་ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། “གཏན་འབེབས་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། ཆབ་སྲིད་འཛུགས་སྐྱོང་གི་གཅིག་གྱུར་སྣེ་ཁྲིད་འོག ཐོག་མཐའ་བར་གསུམ་དུ་ཏང་གིས་དམངས་ཆེན་བྱ་བའི་ཕྱོགས་ཡོངས་ལ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། བརྒྱུད་རིམ་ཧྲིལ་པོའི་ནང་གི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་ནི་རང་འགན་དུ་བརྩི་བ། དམངས་ཆེན་གྱི་བྱ་བའི་སྤུས་ཚད་དང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། དམངས་ཀྱི་རེ་འབོད་ཅི་ནུས་ཀྱིས་དང་དུ་བླངས་ནས་ལས་འགན་སྒྲུབ་པ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་ལེན་སྔར་ལས་བཟང་པོ་བྱེད་པ། “ལས་ཁུངས་བཞི”འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱེད་པ། རང་ངོས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཡུར་ཟའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཁྲ་ཆིན་ཅུག་གིས་སྙན་ཞུའི་ནང་བཤད་རྒྱུར། འདས་ཟིན་པའི་ལོ་གཅིག་གི་ནང་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པའི་གྲོས་ཆོད་ལག་བསྟར་ནན་ཏན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་པ། དམངས་འཚོའི་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་བ། “ཞིབ་དཔྱོད་ཆེན་པོ་བཞི”ཡི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ཏན་ཏིག་གིས་སྤེལ་བ། ཞིབ་དཔྱོད་དཔུང་ཁག་གི་སློབ་གསོ་དག་ཐེར་བྱེད་པ། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་བཅས་བྱས་པས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ལེན་དགོས།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།