ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་འཐུས་མི་ཚོགས་པ(ཚན་ཆུང)ཡིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་བདུན་པར་ཞུགས་པའི་ཞིང་ཆེན་དམངས་ཆེན་འཐུས་མི་ཚོགས་པ(ཚན་ཆུང)ཡིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། འཐུས་མི་ཚོས་གཏམ་བཤད་པ་དང་མྱོང་ཚོར་གླེང་བ། ཉམས་ཚོར་བརྗོད་པ།བསམ་འཆར་འདོན་པ། འཕེལ་རྒྱས་གླེང་བ་བཅས་བྱས་ཏེ། ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པོར་བཏང་། 

“ཏང་གི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་དམངས་ཆེན་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་བརྟན་པོ་བྱེད་པ། ཁྱད་ལྡན་ཞིབ་ཚགས་དངོས་གཉེར་དོ་དམ་བེད་སྤྱོད། ཁྲིམས་ལེགས་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལེགས་བཅོས་འགན་སྲུང་བྱེད་པ། ཡང་དག་པའི་ཁྲིམས་ལྟར་ལྟ་སྐུལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ‘གཅིག་གྱུར་གཉིས’བྱས་ཏེ། ཁྲིམས་ལྟར་ཐག་གཅོད་དབང་ཆ་དང་བསྐོ་འཇོག་དབང་ཆ་ལག་བསྟར་བྱེད་པ་དང་། འཐུས་མིའི་གོ་གནས་གཙོ་བོ་རྒྱུན་འཁྱོངས་བྱས་ནས། འཐུས་མིའི་འགན་ནུས་ལག་བསྟར་མཐོར་འདེགས་དང་། ཁྲིམས་ལྟར་ཚན་རིག་ཚད་ལྡན་གཟབ་ནན་བྱེད་པ་རྒྱུན་འཁྱོངས་ཀྱིས་ཁྱོན་ཡོངས་ནས་རང་སྟེང་འཛུགས་སྐྲུན་ལ་ཤུགས་བསྣོན་དགོས།”

2021ལོར་ཕྱིར་དྲན་བྱས་ན། འཐུས་མི་ཚོའི་གཅིག་གྱུར་གྱིས་བསྟན་དོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སྣེ་ཁྲིད་བྱས་ཏེ། ཏན་ཏིག་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྒྲིག་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་བློ་གལ་ཆེན་ལག་ལེན་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པ། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པ། ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས། འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བར་ལག་ལེན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་སུ་བཅུག་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ །ཏང་གི་མགོ་ཁྲིད་རྒྱུན་འཁྱོངས། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་གཅིག་གྱུར་ཡོང་བར་བྱེད་པ་དང་དམ་དུ་འབྲེལ་ནས། ཁྲིམས་ལྟར་ལས་གནས་འགན་འཁྲི་ལག་བསྟར་བྱས་ཏེ། དངོས་གཉེར་བྱེད་སྟངས་ཀྱིས་བྱ་བ་སོ་སོར་ཕན་འབྲས་བླངས། །

དུས་རབས་གསར་བའི་སྣང་བརྙན་གསར་བ་མངོན་པ་དང་། མདུན་བསྐྱོད་ཀྱི་གོམ་སྟབས་ཀྱིས་བྱེད་སྟངས་གསར་བར་རེ་འབོད་བྱེད། འཐུས་མི་ཚོས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ །ཁྲིམས་ལྟར་འགན་ནུས་ལག་བསྟར་དང་། འགན་འཁྲི་ཕྲག་ཏུ་བླངས་ཏེ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལག་བསྟར་དང་། སྐྱེ་ཁམས་དཔལ་ཡོན་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ་དང་དམ་དུ་འབྲེལ་ཏེ། ཞིང་ཆེན་ཏང་ཨུའི“བློ་བརྟན་འགྱུར་མེད་ལྔ”ཡི་དམིགས་འབེན་བླང་བྱ་ལྟར། རྩ་ཁྲིམས་ཁྲིམས་ལུགས་ཀྱིས་གནང་བའི་ལས་འགན་སོ་སོ་ལག་བསྟར་བྱས་ནས། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས14བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས་པར་བསྟན། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།