ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་ཚན་ཆུང་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས། ཨུ་ཡོན་རྣམས་ཀྱིས་མཐའ་གཅིག་ཏུ་བསྟན་དོན། ད་ཐེངས་ཀྱི་སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གོ་རིམ་ཡོངས་སུ་ཁྱབ་པར་བྱས་ཡོད་པས། ཐེངས་འདིའི་སྙན་ཞུ་ནི་ཟབ་ཚད་དང་དྲོད་ཚད། ནུས་ཤུགས་བཅས་ལྡན་པའི་སྙན་ཞུ་ཡག་པོ་ཞིག་ཡིན་ལ། སྟོབས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་ལ་སྐུལ་འདེད་གཏོང་བའི་སྙན་ཞུ་ཞིག་ཀྱང་རེད། སྙན་ཞུའི་སྐད་ཆར་ཞུན་བརྡར་ཆོད་པ་དང་བསམ་ཕྱོགས་མངོན་པར་གསལ་ལ། གཏན་ཚིགས་རང་བཞིན་ཆེ་བ་བཅས་ཀྱི་ཁྱད་ཆོས་ཚང་བར་མ་ཟད། གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་པ་དང་གནད་དོན་ལ་དབྱེ་ཞིབ་བྱས་པ་གཏིང་ཟབ་ཅིང་ཕུ་ཐག་ཆོད་པ། ལས་ཀར་བཀོད་སྒྲིག་བྱས་པའི་བྱེད་ཐབས་ནུས་ལྡན་ཡིན་པ། རང་རེའི་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཉིས་ལོའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས་པ་མཚོ་སྔོན་གྱི་དོན་དངོས་དང་འཕེལ་རྒྱས་ཀྱི་བླང་བྱ་དངོས་དང་ཡོངས་སུ་འཚམ་པས།  ཐེངས་འདིའི་སྲིད་གཞུང་བྱ་བའི་སྙན་ཞུར་མོས་མཐུན་དང་བརྩི་བཀུར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཟེར།

གྲོས་བསྡུར་བྱེད་སྐབས། ཨུ་ཡོན་རྣམས་ཀྱིས་བསམ་ཚུལ་སྦ་གསང་མེད་པར་བཤད་དེ་བསྟན་དོན།  འདས་པའི་ལོ་གཅིག་གི་ནང་དུ། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་དཀའ་ངལ་དང་འགྲན་སློང་གང་མང་གི་མདུན་དུ། ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར་དུ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་བཙུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ཁྲོད་འདྲེས་པར་བྱས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་བཏང་བ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་བཏང་བ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་བརྩམས་པ་བཅས་བྱས་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་གོམ་ཁ་སྒྱུར་བའི་སྐྱོད་ལམ་གསར་པ་བཏོད་ཡོད།

སེམས་ཤུགས་གཅིག་བསྡུས་སྒོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་བབ་བསྟུན་མདུན་སྐྱོད་ཀྱིས་རྣམ་པ་གསར་པ་གཏོད་དགོས། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་དང་། མཚོ་སྔོན་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་ཡང་ད་ལོར་བསྡུ་རྒྱུ་རེད། ཨུ་ཡོན་རྣམས་ཀྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་རྒྱུ་དང་།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ། གཏན་ཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་དང་རྩ་བའི་རང་བཞིན་གྱི་བླང་བྱ་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། ཆབ་སྲིད་བརྡརགཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཆེ་རུ་བཏང་ནས། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བཅས་བྱེད་དགོས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་དང་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བཀོད་སྒྲིག་བྱས་པའི་དམིགས་འབེན་དང་ལས་འགན་ལ་དམ་དུ་དམིགས་ནས། ཨུ་ཡོན་གྱི་འགན་འཁྲི་ཡག་པོར་འཁུར་བ་དང་། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ཡག་པོ་སྒྲུབ་པ། ཐུན་མོང་གི་ངོས་འཛིན་སྔར་ལས་གཅིག་སྡུད་ཡག་པོ་བྱེད་པ། འབྲེལ་གཏུག་ཁྱབ་རྒྱ་ཆེ་བ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དྲང་ཕྱོགས་ནུས་པ་ཟམ་མི་ཆད་པར་གཅིག་སྡུད་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་པ། མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་ལྟོས་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་ཅི་ཡོད་འབུལ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།