ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་དང་པོ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས20ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་དང་པོ་བསྡུས། ཚོགས་འདུར་ཀྲུའུ་ཞི་ཚོགས་པའི་ཁོངས་མི62ཞུགས་དགོས་ཤིང་། དོན་དངོས་སུ་མི55ཞུགས་ཡོད་པས། དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་གནང་ཞིང་། ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ལ་ཁག་དྲུག་ཡོད་པ་སྟེ།

གཅིག ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འདེམས་བསྐོ་བྱེད་པ།

གཉིས། གྲོས་ཚོགས་ཀྱི་ཉིན་རེའི་ལས་རིམ་གཏན་ཁེལ་བྱེད་པ།

གསུམ། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འདེམས་བསྐོ་བྱེད་པ།

བཞི། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་གཏན་ཁེལ་བྱེད་པ།

ལྔ། གྲོས་གཞིའི་བྱེད་ཐབས་ཀྱི་འཆར་ཟིན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ།

དྲུག འཐུས་མིས་བཏོན་པའི་གྲོས་གཞི་མཚམས་འཇོག་པའི་དུས་ཚོད་གཏན་ཁེལ་བྱེད་པ།

ཚོགས་འདུས་རིམ་པ་བཞིན་གོང་གི་གྲོས་རིམ་ཁག་དྲུག་འདེམས་བསྐོ་དང་གཏན་ཁེལ། གྲོས་འཆམ་བྱུང་།

ཝང་ཅན་ཅུན་དང་ཀྲང་ཀོང་རུང་། མཱ་ཝེ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུང་། ཝུའུ་ཧའེ་ཁུང་། ལིའུ་ཐུང་ཏི། ཀྲང་ཧུང་ཡོན། ཅ་དབྱིན་ཀྲུང་བཅས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིར་འདེམས་བསྐོ་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།