ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་སྤྱི་སྡོམ་ཚོགས་འདུ་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་སྤྱི་སྡོམ་ཚོགས་འདུ་འཚོགས། ཚོགས་ཐོག་ནས་རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་སྤྱི་སྡོམ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་དག་ཐེར་གྱི་ཕན་འབྲས་དང་ཉམས་མྱོང་བྱེད་ཐབས་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་ཤིང་། བྱ་བ་བརྟན་ཅིང་ཟབ་མོར་བཀོད་སྒྲིག་བྱས། ཚོགས་འདུའི་སྔོན་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་གྲུབ་འབྲས་བརྟན་ཅིང་ཟབ་མོར་སྤེལ་བར་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། སྲིད་ཁྲིམས་ཏང་ཨུའི་ཧྲུའུ་ཅི་ཡན་པའེ་ཡིས་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལི་ཧོང་ཡ་ཡིས་མགོ་འཛིན་བྱས། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙེ་ཅུན་དང་། ཞིང་ཆེན་ཞིབ་བཤེར་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ལས་ཚབ་ཞིབ་བཤེར་དཔོན་ཁྲ་ཆིང་ཅིའུ་ཚོགས་འདུར་ཞུགས། 

ཚོགས་ཐོག་ནས་བསྟན་དོན། 2021ལོའི་ཟླ2པའི་ཟླ་མཇུག་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་རིམ་པ་སོ་སོའི་ས་གནས་ཏང་ཨུ་ལ་བརྟེན་ནས། འབྲེལ་ཡོད་སྡེ་ཁག་སོ་སོའི་རྒྱབ་སྐྱོར་ཆེན་པོའི་འོག དམའ་རིམ་ནས་མཐོ་རིམ་བར་རང་ཉིད་གསར་བརྗེ་ཡི་འགག་སྒྲོལ་དམག་འཐབ་ཅིག་བརྒྱབ་པ་དང་། ཏང་དོ་དམ་དང་ཉེན་རྟོག་པ་སྐྱོང་བར་ཁྱོན་ཡོངས་ནས་གཟབ་ནན་བྱེད་པའི་གོ་རྟོགས་གསར་པར་སྐྱོད་པར་སྐུལ་འདེད་བཏང་སྟེ། གཞུང་དྲང་བློ་དཀར་དང་། ཁག་ཁུར་སྤྱོད་གཙང་ཡིན་པའི་མཚོ་སྔོན་གྱི་སྲིད་ཁྲིམས་ཧྲག་དམག་སྐྲུན་པར་རྣམ་པ་གསར་པ་བཏོད་དགོས། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྲུན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་གསོ་དག་ཐེར་གྲུབ་འབྲས་ཀྱི་ཉམས་མྱོང་མ་ལག་ལྡན་པར་གཅིག་སྡུད་དང་བརྟན་སྲུང་བྱེད་པ། ཁྱོན་ཡོངས་ནས་གཟབ་ནན་གྱིས་ཏང་དོ་དམ་དང་ཉེན་རྟོག་པ་སྐྱོང་བ་གཏིང་ཟབ་ཏུ་འཕེལ་བར་བྱེད་དགོས། སྲིད་ཁྲིམས་འཛུགས་སྐྲུན་གྱི་སྤྱི་ཁྱབ་བཀོད་འདོམས་སྲ་བརྟན་དུ་གཏོང་བ། ཏང་གིས་སྲིད་ཁྲིམས་བྱ་བར་མཐའ་གཅིག་ཏུ་མགོ་ཁྲིད་པའི་ལམ་སྲོལ་འཐུས་ཚང་བར་དངོས་འབེབས་བྱས་ཏེ། ཆབ་སྲིད་ཀྱི་བློ་དཀར་གཞུང་དྲང་གི་གཞི་རྩ་བརྟན་པོར་འཛུགས་དགོས། ཁྲིམས་བསྟར་ཁྲིམས་འཛིན་གྱི་རུལ་སུངས་ལ་ཁྲིམས་གཅོད་ནན་མོ་བྱེད་པ་དང་། ནད་རྙིང་སྲོལ་ངན་བཅོས་སྒྲིག་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ། ལྟ་རྟོག་ཚོད་འཛིན་མ་ལག་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ། དཔུང་ཁག་གི་སྤུས་ཚད་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་པ། “གནས་བཞི་གཞི་གཅིག”གི་འགན་འཁྲི་མ་ལག་འཐུས་ཚང་དུ་གཏོང་བ། སློབ་གསོ་དག་ཐེར་གྱི་ཉམས་མྱོང་གསར་པ་དང་གྲུབ་འབྲས་གསར་པ་དེ་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྲུན་མུ་མཐུད་དུ་མཐོར་འདེགས་པའི་བྱེད་ནུས་གསར་པ་དང་ཕན་འབྲས་གསར་པར་བསྒྱུར་པར་འབད་པ་བྱེད་དགོས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།