ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས2021ལོའི་མཚོ་སྔོན་ཞིང་ཆེན་བུད་མེད་ཁྱིམ་སྐྱོང་ཞབས་ཞུའི་སྣེ་ཁྲིད་ཁེ་ལས་ལ་སྒོ་བྱང་བཀལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས17ཉིན།  གསར་འགོད་པས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན།  《ཁྱིམ་སྐྱོང་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་དང་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གི་བསམ་འཆར》གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས།  མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ལས་ཞབས་ཞུ་གྲགས་ཅན་དུ་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ནས་ངལ་རྩོལ་པ་དང་ལྷག་པར་དུ་བུད་མེད་ངལ་རྩོལ་པ་དེ་ལས་མང་པོ་ཞིག་གི་ལས་ཞུགས་དང་བྱ་གཞག་གསར་གཏོད་བྱེད་རྒྱུར་སྐུལ་འདེད་བཏང་སྟེ།  2021ལོར་ཞིང་ཆེན་རིམ་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་མཐུན་སྦྱོར་ཅན་གྱི་རྣམ་གྲངས་ལ་རྒྱབ་སྐྱོར་ཐོབ་རྒྱུར་བརྩོན་ལེན་བྱས་ནས།  བུད་མེད་ཀྱི་ཁྱིམ་ལས་ཞབས་ཞུའི“སྣེ་ཁྲིད་པའི”བྱ་འགུལ་སྤེལ་ཞིང་།  ཉེ་ཆར་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་ཁྲིད་ཁེ་ལས3ལ་སྒོ་བྱང་བཀལ། 

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མ་བུའི་ནད་གཡོག་དང་རྒན་གསོའི་ནད་གཡོག  ཁྱིམ་ལས་ཞབས་ཞུ་བཅས་གཙོ་གནད་ཁྱབ་ཁོངས3ལ་དམིགས་ནས།  ཁེ་ལས་ཀྱི་གཞི་ཁྱོན་དང་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས།  དཔེ་སྟོན་ཕན་འབྲས་སོགས་ཀྱི་རྒྱུ་རྐྱེན་ཕྱོགས་བསྡུས་དཔྱད་བསྡུར་གཏན་འབེབས་བྱས་ཏེ།  མཚོ་སྔོན་ཞིང་ཆེན་གྱི་གསར་དུ་གསལ་སྟོན་བྱས་པའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལྟེ་གནས་དང་།  མཚོ་སྔོན་དུ་ཁྱིམ་ཚང་ཞབས་ཞུའི་ཚད་ཡོད་ཀུང་སི།  ཟི་ལིང་དམངས་དོན་ཁྱིམ་ལས་ཞབས་ཞུའི་ཚད་ཡོད་ཀུང་སི་བཅས་ཁེ་ལས་ཀྱི་སྣེ་ཁྲིད་དུ་བཟུང་།  སྣེ་ཁྲིད་ཁེ་ལས་རེ་རེར་རོགས་སྐྱོར་མ་དངུལ་སྒོར་ཁྲི5རེ་སྤྲད་པ་དང་།  དེ་དག་ལས་བཟོའི་ལས་སྒོའི་གསོ་སྦྱོང་དང་ཁེ་ལས་ཀྱི་སྤུས་ཚད་མཐོར་རུ་གཏོང་བ།  ཡིད་རྟོན་མ་ལག་འཛུགས་སྐྱོང་སོགས་གཙོ་གནད་དུ་བཟུང་སྟེ།  མཚོ་སྔོན་ཞིང་ཆེན་གྱི་བུད་མེད་ཁྱིམ་ལས་ཞབས་ཞུ་ཚད་ལྡན་ཅན་དང་ལས་རིགས་ཅན།  ཚད་གཞི་ཅན།  ཁ་དན་ཚིག་གནས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། 

ཉེ་བའི་ལོ་ཤས་རིང་།  མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ལས་ཞབས་ཞུའི་ཁེ་ལས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་ཕྱིན་ཡོད།  སྣེ་ཁྲིད་ཁེ་ལས་ཀྱིས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་ནས་ཁེ་ལས་ཀྱི་ལས་བཟོའི་ལས་སྒོའི་རྩལ་ནུས་དང་བཅའ་ཁྲིམས་སྲིད་ཇུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་སྒོའི་བྱང་ཚད་དང་ནུས་པ་ཆེ་རུ་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།