ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམག་ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས(རྒྱ་སྐྱེད)གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས17ཉིན་ནས་ཚེས18ཉིན་བར། མཚོ་སྔོན་ཞིང་ཆེན་དམག་ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས(རྒྱ་སྐྱེད)གྲོས་ཚོགས་ཐེངས་ལྔ་པ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུ་ཧྲུའུ་ཅིའམ། ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ཝང་ཅན་ཅུན་གྲོས་ཚོགས་སུ་ཕེབས་ཤིང་གསུང་བཤད་གནང་། ཁོང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གྱི་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་མྱོང་རྟོགས་བྱེད་པ། དམག་དཔུང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་སྣོན་སྟོབས་ཤུགས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་སྟོབས་ཤུགས་ཡོད་རྒུས་གསར་དུ་འབྱེད་དགོས་ཞེས་ནན་གྱིས་བསྟན། 

ཝང་ཅན་ཅུན་གྱིས་བསྟན་དོན། ན་ནིང་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བ་ཡིན་ཞིང་། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། སྤྱི་ཚོགས་ཡོངས་སུ“ལོ་རྒྱུས་བཞི”ཡི་དྲིལ་སྒྲོག་སློབ་གསོ་སྤེལ། དམག་ཡོངས་སུ“དམར་པོའི་རྒྱུད་རྒྱུ་རྒྱུན་འཛིན་དང་། དམག་དཔུང་སྟོབས་ལྡན་གྱི་འགན་ལྗིད་མོ་ཐེག་པ”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་མུ་མཐུད་དུ་སྤེལ་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་ཡིག་སློབ་སྦྱོང་མྱོང་རྟོགས་དང་དྲིལ་སྒྲོག་ལག་བསྟར་བྱེད་པར་རྨང་གཞི་བརྟན་པོར་བཏིངས། ཞིང་ཆེན་དམག་ཁུལ་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ཆེན་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་གཙོ་བོའི་ཆེད་དོན་དཔྱད་གླེང་འཛིན་གྲྭའི་སྟེང་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་མྱོང་རྟོགས་བྱེད་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་མུ་མཐུད་དུ་ལེགས་པར་སློབ་པ་དང་། གདེང་ཐོན་པར་བྱེད་པ། བེད་བཟང་པོར་སྤྱོད་ཅིང་། ཀྲུང་དབྱང་དམག་ཨུ་དང་ནུབ་རྒྱུད་འཐབ་ཁུལ། དམག་ཨུའི་རྒྱལ་སྲུང་སྐུལ་སློང་པུའུ་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལྟར། རང་རྟོགས་སྒོས“གཏན་ཁེལ་གཉིས”སྲུང་བ་དང་། ངེས་པ་དོན་གྱིས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། གཞུང་དྲང་པོ་སྒོས་ལས་འགན་འགན་འཁྲི་ལག་ལེན་དུ་བཏབ་ནས། ཞིང་ཆེན་དམག་ཁུལ་གྱི་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སྙེག་པར་སྐུལ་འདེད་གཏོང་དགོས། 

ཝང་ཅན་ཅུན་གྱི་ནན་གྱིས་བསྟན་དོན། སློབ་སྦྱོང་ལ་དུས་དང་རྣམ་པ་ཀུན་ཏུ་མཐོང་ཆེན་བྱེད་པ་དང་། སློབ་སྦྱོང་བརྒྱུད་དེ་མི་ལ་ཡར་སྐྱེད་ཐེབས་སུ་འཇུག་ཐུབ་ཅིང་། སློབ་གསོས་མི་ལ་ཁེ་བཟང་ཐོབ་ཏུ་འཇུག་ཐུབ། དུས་རབས་གསར་པ་ནི་རླབས་ཆེ་བའི་དུས་རབས་ཤིག་ཡིན་པ་དང་། རླབས་ཆེ་བའི་དུས་རབས་ཀྱི་རྗེས་ཆོད་དགོས་ན་སློབ་སྦྱོང་ལ་བརྟེན་དགོས་ཤིང་། སློབ་སྦྱོང་གི་ནུས་པ་ནི་ཏང་ཡོན་ལས་བྱེད་པའི་ཆེས་ཆེ་བའི་ནུས་པ་དེ་ཡིན་ལ། རྟག་ཏུ་བསླབ་ལ་བརྩོན་ནས་ཤེས་བྱ་གསར་པ་བསྡུ་ཞིང་། རྒྱུན་པར་བསླབ་ལ་བརྩོན་ནས་གོ་རྟོགས་འཕེལ་དུ་བཅུག་ན། ད་གཟོད་བསླབ་པར་འབྲས་བུ་འབྱུང་ཐུབ། དུས་དང་རྣམ་པ་ཀུན་ཏུ་འགན་འཁྲི་ཡིད་ལ་དམ་པོར་འཛིན་དགོས་ཏེ། ང་ཚོའི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི། ཏང་གིས་མི་དམངས་དམག་དཔུང་གི་མགོ་ཁྲིད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིན་ལ། འགན་འཁྲི་ཐེག་པར་ནུས་པ་དགོས་ཤིང་། དམག་མིའི་ཆེས་ཆེ་བའི་ནུས་པ་ནི་དམག་འཁྲུག་རྒྱག་ཕོད་པ་དང་གཡུལ་ལས་རྣམ་པར་རྒྱལ་ཐུབ་པ་དེ་ཡིན་པས། ནུས་པ་འདིར་སྦྱོང་བརྡར་ཐོབ་ཡོད་ན་ད་གཟོད་དམག་མི་ཚད་ལྡན་ཞིག་ཡིན། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་དགའ་དགོས་ཏེ། དམག་མིས་འཐབ་འཁྲུག་བརྒྱབ་ནས་གནམ་འོག་དབང་དུ་བསྡུ་བ་ནི་རྒྱལ་སྲིད་སྲུང་བའི་ཆེད་དུ་ཡིན་ཞིང་། རྒྱལ་སྲིད་སྲུང་བ་ནི་མི་དམངས་ལ་དགའ་བ་ཡིན། དམག་དམངས་ཀྱི་འབྲེལ་བ་ནི་དམག་མིས་ཐག་གཅོད་ལེགས་པོར་བྱེད་དགོས་པའི་འབྲེལ་བ་གལ་ཆེ་ཤོས་ཡིན་ཞིང་། མི་དམངས་དམག་དཔུང་མི་དམངས་ལ་དགའ་བའི་རང་མདངས་སྲུང་འཛིན་བྱེད་པ་དང་། དམག་དམངས་ཀྱི་འབྲེལ་བ་བཟང་ན། དམག་དཔུང་མདུན་དུ་སྐྱོད་ཐུབ། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་སྦྱོང་བརྡར་བྱེད་དགོས་ཏེ། རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བར་ངེས་པར་དུ་དམག་དཔུང་སྟོབས་ལྡན་དུ་འགྱུར་དགོས་ལ། དམག་དཔུང་སྟོབས་དང་ལྡན་ཚེ་ད་གཟོད་རྒྱལ་ཁབ་བདེ་འཇགས་ཡིན། དམག་དཔུང་སྟོབས་ལྡན་དུ་འགྱུར་རྒྱུ་ནི་བྱེ་བྲག་དང་ལག་ལེན་ཡིན་ཞིང་། དམག་མི་རེ་རེ་ནི་དམག་དཔུང་སྟོབས་ལྡན་དུ་འགྱུར་བའི་ཕྲ་ཕུང་རེ་རེ་ཡིན། དམག་མིས་འབད་བརྩོན་ལྷོད་མེད་བྱས་ན། དམག་དཔུང་ལ་སྟོབས་ཆེ་ཞིང་འགྲན་ཟླ་མེད་ཅིང་། ད་གཟོད་ཏང་གི་ཐུགས་བདེ་བ་དང་མི་དམངས་ཀྱི་སེམས་བདེ་བ། རྒྱལ་ཁབ་ཀྱི་སྲིད་བདེ་བ་ཡིན། 

ཚོགས་འདུའི་སྐབས་སུ། ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅིའམ་ཆབ་སྲིད་ཨུ་ཡོན་དབྱི་ཧྲུའུ་ཆཱང་གི་ཞིང་ཆེན་དམག་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་དམག་ཁུལ་དམག་སྤྱི་ལིའུ་ཀུ་ཕིང་གི་གཏམ་བཤད། ཚོགས་ཐོག་ནས་ཞིང་ཆེན་དམག་ཁུལ་གྱི2021ལོའི་ལོ་འཁོར་གྱི་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།