ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཐའོ་ཡིས་འཕེལ་ཕྱོགས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་རྣམ་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་གྲོས་ཚོགས་བསྡུས། གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་གཏིང་ཟབ་དང་། ཁྱོན་ཡོངས་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ། རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་དང་། 2021ལོའི་བྱ་བར་སྤྱི་བསྡོམས། དེང་སྐབས་གནས་བབ་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་ཤིང་། ད་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ལིག་ཐའོ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

ལིག་ཐའོ་ཡིས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མ་ལག་གིས“སྤྱི་ཁྱོན་གཉིས”དང་“རྒྱལ་དོན་གྱི་ཆེ་ཕྱོགས”སེམས་སུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། ཡང་དག་པའི་སྒོ་ནས་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་།དཀའ་བ་ཁྱད་དུ་བསད་དེ་མདུན་དུ་སྐྱོད་ཅིང་། སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོན་པོའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་ཞེས་བསྟན། 

ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློའི་དད་མོས་བྱེད་མཁན་དང་ལག་ལེན་བྱེད་མཁན། དཀའ་སྤྱད་འབད་བརྩོན་བྱེད་མཁན་བཅས་བྱེད་པ་རྒྱུན་འཁྱོངས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གནས་བབ་འགྱུར་ལྡོག་ཁོང་དུ་ཆུད་པར་བྱས་ཏེ། མ་ལག་བསམ་བློ་དང་རྩོད་སྒྲུབ་བསམ་བློ། ཁྲིམས་སྐྱོང་བསམ་བློ། འཐབ་ཇུས་བསམ་བློས་བྱ་བར་སྐུལ་འདེད་གཏོང་དགོས། ལྗང་མདོག་ཐཱན་ཉུང་འཁོར་བསྐྱོད་འཕེལ་རྒྱས་ཀྱི་བྱེད་སྟངས་གསར་བར་སྐུལ་འདེད་བཏང་ནས། འབག་བཙོག་འགོག་བཅོས་ཀྱི་གཡུལ་འཐབ་ལ་ཕན་འབྲས་གསར་བ་ཐོན་པར་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་བྱེད་ཐབས་གསར་བར་ཤུགས་སྣོན་དང་། དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་གི་ཐོད་བརྒལ་གསར་བ་འཛུགས་སྐྲུན་གྱིས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། རླབས་ཆེན་ཏང་འཛུགས་དགོངས་དོན་དར་སྤེལ་དང་། ཏང་གི་མགོ་ཁྲིད་ཀྱིས་མཐའ་གཅིག་ཏུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་གོ་རིམ་ཧྲིལ་བོར་སྦྲེལ་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དེ། དཔུང་ཁག་འཛུགས་སྐྲུན་དམ་འཛིན་དང་། སྐྱེ་ཁམས་ཁོར་ཡུག་གི་དཔུང་དམག་གསར་སྐྲུན་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།