ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་ས་ཡོམ་ཁུལ་གྱི་མང་ཚོགས་ཁྲི1.45ལ་སྒོར་ཁྲི623གྱི་རོགས་སྐྱོར་མ་དངུལ་རྩིས་སྤྲོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་དང་པོའི་ཚེས13ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མོན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དུ་ཚད་རིམ6.9ཅན་གྱི་ས་ཡོམ་བྱུང་རྗེས།  ཞིང་ཆེན་དམངས་སྲིད་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་ས་ཡོམ་བྱུང་བའི་ས་ཁུལ་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་དམངས་སྲིད་ཞབས་ཞུའི་སྡེ་ཁག་གི་ནོར་སྲིད་དང་བདེ་འཇགས་འགན་ལེན་བྱས་ཏེ།  ས་ཡོམ་ཁུལ་གྱི་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས།  

ས་ཡོམ་བྱུང་རྗེས།  མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་ལས་དོན་ཚན་ཆུང་གིས་ཡུལ་དངོས་སུ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ལྟ་ཞིབ་བྱས་པ་དང་ཆབས་ཅིག  ས་གནས་ཀྱི་དམངས་སྲིད་སྡེ་ཁག་ཤང་གྲོང་དང་སྡེ་ཁུལ་དུ་བསྐྱོད་ནས་ཕྱོགས་ཡོངས་ནས་གནོད་འཚེ་ཐེབས་པའི“ཁྱིམ་ཚང་རེ་རེ་དང་གྲུ་ཟུར་རེ་རེ་མི་བསྐྱུར་བར”ལྟ་ཞིབ་བྱེད་པའི་རེ་བ་བཏོན།  དམངས་སྲིད་སྡེ་ཁག་གིས་སེམས་ཁུར་དང་བརྩེ་བ།   རོགས་སྐྱོར་དང་ཁ་གསབ་མ་དངུལ་གྱི་རྣམ་གྲངས་སོ་སོ་ས་ཡོམ་ཁུལ་གྱི་དཀའ་ཁག་ཆེ་བའི་ཁྱིམ་ཚང་རེ་རེར་སྤྲོད་རྒྱུར་དོན་འཁྱོལ་བྱེད་དགོས་པའི་སྐུལ་འདེད་བྱས།  གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱི་མཚམས་འདྲི་དང་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་ཤུགས་བསྣན་ཏེ།  ཡིད་ཆེས་བརྟན་པོ་དང་རང་སྤོབས་རང་སྤེལ་བྱེད་པར་སྐུལ་མ་བཏང་།  

ཞིང་ཆེན་དམངས་སྲིད་སྡེ་ཁག་གིས་གནས་སྐབས་རོགས་སྐྱོབ་ལམ་ལུགས་ཀྱི“མྱུར་སྐྱོབ་ལམ་ལུགས”བཙུགས་ཏེ།  མཚོ་བྱང་ཁུལ་རྐང་ཚ་རྫོང་དང་ཧེ་ཡན་རྫོང་།  མོན་ཡོན་རྫོང་།  ཆུ་ལེན་རྫོང་བཅས་ཀྱི་ཤང་གྲོང་ལ་གནས་སྐབས་རོགས་སྐྱོབ་ཀྱི་གྲ་སྒྲིག་དངུལ་སྤྲད་དེ་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་དཀའ་ཁག་ཆེ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་ཆེད་མངགས་བྱས།  དཀའ་ཁག་ཡོད་པའི་མང་ཚོགས་ལ“དུས་ཆེན་གཉིས”རིང་གི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་དང་བྱ་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་མ་ཟད།  དུས་ཚིགས་དང་པོའི་མ་མཐའི་འཚོ་བ་འགན་སྲུང་དང་དམིགས་བསལ་དཀའ་ཁག་ཡོད་པའི་ཁ་གསབ་མ་དངུལ་སྒོར་ཁྲི1093སྤྲད་ནས།  གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བརྟན་འཇགས་སུ་བཏང་།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།