ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཤང་གྲོང་གི་དཀའ་ངལ་མང་ཚོགས་ཁྲི37.5ལ"དུས་ཆེན་གཉིས་ཀྱི་ཁུག་དམར"བྱིན་པ།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་གསར་སླེབས་ལ་ཉེ་བའི་སྐབས་འདིར། ཤང་གྲོང་དཀའ་ངལ་མང་ཚོགས་ཀྱིས་དགའ་སྤྲོའི་འཆམ་མཐུན་ངང་ལོ་གསར་དུས་ཆེན་ལ་རོལ་བར་ཁག་ཐེག་བྱ་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། 2022ལོའི་དུས་ཆེན་གཉིས་ཀྱི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་ཤང་གྲོང་དཀའ་ངལ་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྟེར་རྒྱུ་རེད། ཟླ1པོའི་ཚེས14ཉིན་བར་དུ། དུས་ཆེན་གཉིས་ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་ཚང་མ་འདང་ངེས་ཀྱིས་དམིགས་སར་འབྱོར་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཤང་གྲོང་དཀའ་ངལ་མང་ཚོགས་ཁྲི37.5ལ་ཕན་ཁེ་བསྐྲུན་ཞིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.58བྱིན་ཡོད།

དེའི་ནང་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་མི་རེར་སྒོར500དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་དམིགས་བསལ་གཉོར་སྐྱོང་བྱ་ཡུལ་མི་རེར་སྒོར400། རྒྱལ་ཁབ་ཀྱི་གཟིགས་སྐྱོང་རོགས་སྐྱོར་ལོངས་སྤྱོད་བྱེད་མཁན་གྱི་གཟིགས་སྐྱོང་བྱ་ཡུལ་དང་ཀྲུང་གོ་གསར་བ་དབུ་མ་བརྙེས་སྔོན་གྱི་ཏང་ཡོན་རྒན་པ་མི་རེར་སྒོར560བཅས་བྱིན་ཡོད། དུས་མཚུངས་སུ། ཞིང་ཆེན་དམངས་སྲིད་ཐིང་གིས་དུས་ཆེན་གཉིས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྟེར་བའི་གནས་ཚུལ་ལ་གཞིགས་ཏེ། ཞིང་ཆེན་ཡོངས་ཀྱི་ཤང་གྲོང་དཀའ་ངལ་མང་ཚོགས་ལ་གཅིག་གྱུར་ངང《ཞིང་ཆེན་ཡོངས་ཀྱི་ཤང་གྲོང་དཀའ་ངལ་མང་ཚོགས་ལ་བསྐུར་བའི་ཡི་གེ》བཏང་བ་རེད། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་སྐད་འཕྲིན་སྤྱི་སྟེགས་དང་ཁ་པར་འཕྲིན་ཐུང་སོགས་ཀྱི་རྣམ་པ་བརྒྱུད་དེ། དཀའ་ངལ་མང་ཚོགས་ལ་དུས་ཆེན་གཉིས་ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་བྱིན་པའི་གནས་ཚུལ་བསྒྲགས་ཤིང་། རོགས་སྐྱོར་བྱ་བ་སྔར་བས་མི་གཤིས་ཅན་དང་སྔར་བས་བརྩེ་སེམས་ལྡན་པར་བྱས་ནས། དཀའ་ངལ་མང་ཚོགས་ལ་ཕན་ཁེ་ཐོབ་པ་མ་ཟད་བརྩེ་སེམས་ཐོབ་པར་བྱས་ཤིང་། ཏང་དང་སྲིད་གཞུང་གི་བརྩེ་སེམས་དེ་དངོས་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་ཡོད།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་མུ་མཐུད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐག་གཅོད་བཀོད་སྒྲིག་ལ་གཞིགས་ཏེ། སྔར་ཡོད་ཀྱི་དམིགས་བསལ་དཀའ་ངལ་གཉོར་སྐྱོང་བྱ་ཡུལ་དང་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་སོགས་ཡོང་འབབ་དམའ་བའི་མང་ཚོགས་གཙོ་གནད་དུ་བཟུང་སྟེ། ཕྱོགས་ཡོངས་ནས་གཞི་རྩའི་དམངས་འཚོའི་འགན་སྲུང་སྲིད་ཇུས་ལག་བསྟར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་དུས་ཆེན་གཉིས་སྐབས་སུ་དཀའ་ངལ་མང་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་ཁྱིམ་ཚང་ལ་དུས་ལྟར་གནས་སྐབས་རོགས་སྐྱོར་དང་བརྩེ་སེམས་བསྐྱལ་བའི་བྱ་འགུལ་སྤེལ་བ་རོགས་ཀྱི་རྣམ་པས་རོགས་སྐྱོར་བྱས་ནས་ཤུགས་ཡོད་རྒུས་ཤང་གྲོང་དཀའ་ངལ་མང་ཚོགས་ཀྱིས་དྲོད་འཁོལ་ངང་དགུན་བསྐྱལ་བ་དང་བདེ་སྐྱིད་ངང་ལོ་སར་བར་ཁག་ཐེག་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།