ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉེར་གཅིག་ལོའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་འགོ་ཁྲིད་ཚན་ཁག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གནས་ཚུལ་ཁྱབ་སྒྲོག་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་བཞི་ཉིན། ཉིས་སྟོང་ཉེར་གཅིག་ལོའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་འགོ་ཁྲིད་ཚན་ཁག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གནས་ཚུལ་ཁྱབ་སྒྲོག་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་ཡིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པའེ་ཡིས་གནས་ཚུལ་ཁྱབ་སྒྲོག་བྱས།

ཚོགས་ཐོག་ནས་ཆེད་དོན་དམངས་གཙོ་འཚོ་བའི་གཞི་རྩའི་གནས་ཚུལ་དང་ངོས་ཟིན་དང་མྱོང་ཚོར། ཞིབ་བཤེར་གནས་ཚུལ་ལ་གཤིབ་བསྡུར་བྱས་པ་དང་གོ་རིམ་རྗེས་མའི་ལེགས་སྒྱུར་བྱེད་ཐབས་ཁྱབ་སྒྲོག་བྱས། ཟླ་དང་པོའི་ཚེས་བདུན་དང་ཚེས་བརྒྱད་ཉིན་གཉིས་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་འགོ་ཁྲིད་ཚན་ཁག་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་གཤིབ་བསྡུར་བྱས་ཏེ། ཤུགས་ཆེན་པོས་རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱས་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ཞིང་། ལོ་རྒྱུས་རང་རྟོན་ཇེ་བརྟན་དུ་བཏང་བ་དང་དུས་རབས་ཀྱི་འགན་འཁྲི་ལག་ལེན་བྱས་ལ། དམངས་ལ་བཅངས་པའི་བརྩེ་སེམས་ཇེ་ཆེར་བཏང་བ་དང་། སྤོབས་པ་ཆེན་པོས་འགན་འཁྲི་ཁག་ཁུར་བྱས་ཤིང་། ལྷག་བསམ་རྣམ་དག་སྒོས་བསམ་བློ་བརྗེ་རེས་བྱས་པ་དང་། གཟབ་ནན་དང་ནན་ཏན་སྒོས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པར་མ་ཟད་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་པས། སྔོན་ན་གཏན་འཁེལ་བྱས་པའི་དམིགས་འབེན་དུ་བསླེབས། ཚོགས་འདུར་ཞུགས་ཏེ་མཛུབ་སྟོན་བྱེད་པའི་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་ཡིས་དམངས་གཙོ་འཚོ་བའི་ཚོགས་འདུར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱས་པ་དང་། དེ་ནི་སྤུས་ཚད་མཐོ་བའི་དམངས་གཙོ་འཚོ་བའི་ཚོགས་འདུ་ཞིག་ཡིན་པར་སྙམ།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱུན་མཐུད་དང་ནུས་ཤུགས་གང་ཡོད་བཏོན་ཏེ་གནད་དོན་དག་ཐེར་ལེགས་སྒྱུར་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། མཐོ་ས་གསར་སྐྲུན་དང་གནས་བཞི་འཛུགས་སྐྲུན་བྱས་ནས། མཚོ་སྔོན་གྱི་བྱ་བའི་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་རྒྱུ་རེད་ཟེར།

ཞིང་ཆེན་རིམ་པ་དང་ཐིན་རིམ་པའི་ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་ཁ་ཤས་དང་དམངས་གཙོ་ཏང་ཁག་སོ་སོ་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ལས་ཁུངས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གསར་འགྱུར་ལས་ཁུངས་ཀྱི་འགན་འཁུར་བ་སོགས་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།