ཀྲུང་གོ་བོད་ཀྱི་དྲ་བ།

“རྒྱལ་ཡོངས་ཀྱི་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན”གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་གོ་རྒྱ་གྲམ་དམར་པོའི་སྤྱི་ཁྱབ་ལྷན་ཚོགས་ཀྱིས“རྒྱལ་ཡོངས་ཀྱི་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན”གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པ8ལ་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་རྒྱ་ཆེའི་རྒྱ་གྲམ་དམར་པོའི་དང་བླངས་པར་སྐུལ་སློང་བྱས་ནས་རྒྱ་གྲམ་དམར་པོའི་བྱ་གཞག་ནང་ཞུགས་ཏེ། རྒྱ་གྲམ་དམར་པོའི་ལས་དོན་ཁྲོད་ཀྱི་དང་བླངས་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་པར་བརྟེན་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་པོ་མངོན། སོ་སོར་འཕྲལ་སྡོམ་རོགས་སྐྱོབ་དང་འཕྲལ་སྡོམ་སྲོག་སྐྱོབ། མི་ཆོས་རོགས་སྐྱོབ་དང་སྡེ་ཁུལ་ཞབས་ཞུ། མི་ཆོས་བརྒྱུད་སྤེལ། དབུལ་ཐར་འགག་སྒྲོལ་དང་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་མང་ཚོགས་ཀྱིས་ཁས་ལེན་པ་དང་ཤུགས་རྐྱེན་རྒྱ་ཁྱབ་ཐེབས་པའི་སྔོན་ཐོན་དཔེ་མཚོན་སྐོར་ཞིག་འཚར་ལོངས་བྱུང་། 

མཚོ་སྔོན་ཞིང་ཆེན་གྱི“རྒྱལ་ཡོངས་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན”མཚན་སྙན་མི8ལ་ཐོབ་པ་དང་། སོ་སོར་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཁྲག་སྐྱེས་ཕྲ་ཕུང་ཞལ་འདེབས་སུ་ཕུལ་བའི་དང་བླངས་པ་རྡོ་རྗེ་དོན་འགྲུབ་དང་། ཝང་ཀྲེན། ལིན་ཅང་པའོ། ཡུས་ཧུས། མཚོ་སྔོན་མི་རིགས་སློབ་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་ལོས་ཝུན་ཕིང་། མཚོ་སྔོན་སློབ་ཆེན་ནད་ཐོག་སྨན་བཅོས་གསོ་རིག་སློབ་གླིང་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་དཔོན་ཞེ་ཀྲན་ཞ། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སྨྱན་སྦྱོར་དང་བླངས་པ་ཀྲའོ་ཅིང་དང་ཅ་ཞའོ་ཡུན་བཅས་རེད།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།