ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས10ནས་ཚེས11ཉིན་བར། ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལས་ཁུངས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་ལ་ཚད་བསྡུར་དཔེ་བསྡུར་དང་། ཐེངས་འདིའི་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ནན་ཏན་གྱིས་སློབ་སྦྱོང་དང་བགྲོ་གླེང་དང་། གཏིང་ཟབ་སྒོས་གནད་དོན་འཚོལ་བ་དང་། བསམ་པ་རྣམ་དག་གིས་བསམ་བློ་བརྗེ་རེས། སྐྱོན་བརྗོད་དང་རང་སྐྱོན་རང་གིས་བརྗོད། 

ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་མགོ་འཛིན་གནང་བ་མ་ཟད་འབྲེལ་ཡོད་གསུང་བཤད་གནང་ཞིང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་གྲོས་ཚོགས་སུ་ཞུགས་པ་དང་། ཏང་ཕྱིའི་ཀྲུའུ་ཞི་གཞོན་པ་ཟུར་ཞུགས་བྱས་ལ། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གྲོས་ཚོགས་སྟེང་མཛུབ་ཁྲིད་གནང་བར་སླེབས། 

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱི་བསམ་འཆར་བསྡུ་ལེན་དང་། 2021ལོའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་དེ་བཞིན2020ལོའི་ལོ་འཁོར་གྱི་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱིས་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་བརྡ་ཁྱབ་བཏང་། རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཚབ་ཞུས་ནས་ཞིབ་བསྡུར་སྐྱོན་བཤེར་བྱས་པ་དང་། སྣེ་ཁྲིད་ནས་མི་སྒེར་གྱི་ཞིབ་བསྡུར་སྐྱོན་བཤེར་བྱས་ནས་རང་འགུལ་ངང་སྐྱོན་བརྗོད་དང་ལེན་ཞུས་པ་རེད། ཏང་ཙུའུ་ཁོངས་མིས་རེ་རེ་བཞིན་ཞིབ་བསྡུར་སྐྱོན་བཤེར་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས། ཏང་ཕྱིའི་ཀྲུའུ་ཞི་གཞོན་པས་ཞིང་ཆེན་སྲིད་གྲོས་ཀྱིས་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་སྐོར་གྱི་མྱོང་ཚོར་དང་བསམ་འཆར་གྲོས་གཞི་བཏོན།

རྡོ་རྗེ་རབ་བརྟན་གྱིས་ད་ཐེངས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་ནི་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་ཞིབ་དཔྱད་བྱས་པ་ཞིག་ཡིན་པས་བསམ་བློ་གཅིག་གྱུར་དང་། ཁ་ཕྱོགས་གསལ་སྟོན། སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་དམིགས་ཡུལ་གྲུབ་ཡོད། ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར་དག་ཐེར་ཡོ་བསྲང་དང་དོན་འཁྱོལ་གྱི་བྱ་བར་དམ་འཛིན་ཏན་ཏིག་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་བར་ཤུགས་བསྣན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། མཐའ་གཅིག་ཏུ“གཏན་འཁེལ་གཉིས”ལ་ལྷག་བསམ་ཟོལ་མེད་ངང་བརྩི་བཀུར་ཞུ་བ་ནི་སྲིད་གྲོས་བྱ་བར་མགོ་ཁྲིད་བྱེད་པར་ཤུགས་སྣོན་པའི་ཏང་གི་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་དང་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་སུ་བརྩིས་ཏེ“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་པར་བདེན་པ་བདེན་ཐུབ་ཡོང་བར་བྱེད་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་བློ་གྲོས་དང་སྟོབས་ཤུགས་ཕུལ་ནས། ཏང་ཡོན་ལས་བྱེད་པ་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་ལོ་རྒྱུས་ཀྱི་གདེང་ཚོད་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་དམ་འཛིན་བྱེད་པ། ལོ་རྒྱུས་ཀྱི་དྲན་ཤེས་སྲ་བརྟན་དུ་གཏོང་བ་བཅས་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཧུར་ཐག་གིས་སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་ཞིབ་བྱས་ནས་བློ་སེམས་གཅིག་ཏུ་སྒྲིལ་གང་ཐུབ་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།