ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐུལ་སློང་བཀོད་སྒྲིག(བརྙན་ལམ)གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐུལ་སློང་བཀོད་སྒྲིག(བརྙན་ལམ)གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུ་གཞུང་དོན་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་ཇུས་གཞི(2021ལོ་ནས2025ལོའི་བར)》ཡི་འབྲེལ་ཡོད་བྱ་བ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་མགོ་འཛིན་མཛད་དེ་གསུང་བཤད་གནང་བ་དང་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་གྲོས་ཚོགས་སུ་ཞུགས་ནས་གསུང་བཤད་གནང་། ཞིང་ཆེན་ཐད་གཏོགས་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོའི་གྲོས་ཚོགས་སུ་ཞུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་དང་རྫོང་རིམ་པའི་སྲིད་གཞུང་གི་ལས་བགོས་འགན་འཁུར་བློ་མཐུན་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཡན་ལག་ཚོགས་རར་བརྙན་ལམ་གྱི་རྣམ་པའི་ཐོག་ནས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སྟེང་གད་སྙིགས་བཅོས་སྒྲིག་བྱ་བ་ལེགས་པར་བསྒྲུབ་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ལག་ལེན་གལ་ཆེན་ཞིག་དང་། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་པ་སྔོན་ལ་གཏོད་པའི་འགན་ལེན་གལ་ཆེན་ཞིག་ཡིན། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོ་རུ་གཏོང་བ་དང་། “རྒྱལ་དོན་ཆེན་མོ”བློ་ལ་བརྟན་པོར་བཅངས་ནས་ནུས་ཤུགས་ཡོད་རྒུས་གད་སྙིགས་བཅོས་སྒྲིག་བྱ་བར་དམ་འཛིན་བཟང་པོ་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་ནན་ཏན་གྱིས་སྲུང་སྐྱོང་བྱེད་དགོས་པར་བསྟན།

གྲོས་ཚོགས་སྟེང་ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བྱ་བའི་གཙོ་གནད་དམ་འཛིན་བཟང་པོ་བྱེད་པ་དང་། གཅིག་སྡུད་སྒོས་ཁྱོན་ཡོངས་ལ་ཁེབས་པ་དང་། འཐུས་ཤོར་མེད་པ། དྲ་མིག་འཐེན་པའི་རྣམ་པ་བཅས་ཀྱི་རྩད་ཞིབ་བཅོས་སྐྱོང་ལས་དོན་སྤེལ་ལ། གནད་དོན་གྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ནན་ཏན་སྒོས་གཙང་སེལ་བྱེད་དགོས། བྱ་བའི་འགན་འཁྲི་དོན་འཁྱོལ་དང་མགོ་ཁྲིད་གཙོ་བོས་དངོས་སུ་དམ་འཛིན་བྱས་ནས། ཁ་བཤད་ལག་བསྟར་དང་འཕྲལ་དུ་ལེགས་བཅོས་བྱེད་པ་མཐའ་འཁྱོངས་བྱས་ཤིང་། རིམ་པ་རེ་རེ་བཞིན་བྱ་བའི་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་སྒྲིག་ཆས་ཐག་བཅད་དེ། ཕུགས་ཕན་གྱི་དོ་དམ་ལམ་སྲོལ་འཛུགས་དགོས། ཞིབ་བཤེར་དང་ལྟ་སྐུལ་དཔྱད་ཞིབ་ལ་ཤུགས་སྣོན་པ་དང་། ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། བརྒྱུད་རིམ་ཧྲིལ་པོའི་རྗེས་འདེད་ཕན་འབྲས་འདྲི་རྩད་ལ་དམ་འཛིན་བཟང་པོ་བྱེད་པ་དང་། ལས་དོན་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱེད་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཚོགས་པའི་རྩ་འཛུགས་དང་གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སྲིད་གཞུང་དང་སྤྱི་ཚོགས། སྤྱི་དམངས་བཅས་མཉམ་དུ་དོ་དམ་དང་བཅོས་སྐྱོང་། མཉམ་སྤྱོད་ནང་ཞུགས་པའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས་ཞེས་ནན་གྱིས་བསྟན། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།