ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཝུན་ཁོས་ཡིས་ཞིན་ཧེ་རྫོང་དུ་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་ཞི་གཞོན་པ་ཀྲང་ཝུན་ཁོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དུ་སོང་ནས་གྲོང་གསེབ་དར་སྤེལ་འབྲེལ་གཏུགས་བྱེད་སའི་དཔལ་ཁ་གྲོང་རྡལ་ལྔ་གཅིག་སྡེ་བར་སོང་ནས་ཚོད་ལྟ་བྱེད་སའི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས། 

ཀྲང་ཝུན་ཁོས་ཡིས་སྔ་གཞུག་ཏུ་ནོར་སྦྱིན་འདེབས་འཛུགས་ལས་རིགས་ཞིང་བའི་ཆེད་ལས་མཉམ་ལས་ཁང་དང་། ཆང་ཧྲིན་སྐྱེ་ཁམས་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་ཡུལ་དངོས་རྟོག་ཞིབ་བྱས་པ་མ་ཟད། གྲོང་རྡལ་དང་སྡེ་བའི“སྡེ་བའི་ཏང་ཀྲི་པུའུ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང”། ཏང་ཡོན་ལས་བྱེད་དང་མང་ཚོགས་འཐུས་ཚབ་དང་བཞུགས་མོལ་བརྗེ་རེས་བྱས། ཀྲང་ཝུན་ཁོས་ཡིས་ནན་གྱིས་བསྟན་དོན། གྲོང་གསེབ་དར་སྤེལ་འཐབ་ཇུས་ནི་དེང་སྐབས་རྫོང་དང་ཤང་གི་བྱ་བའི་ལས་འགན་གཙོ་བོ་ཡིན་ཞིང་། སྤྱི་ཡོངས་དམིགས་སའང་ཡིན་ལ། དམ་དྲགས་ཆེ་ཞིང་ཡུན་རིང་བ་ཡིན། ཏང་འཛུགས་སྣེ་ཁྲིད་ཤུགས་དྲག་ཏུ་བཏང་ནས།སྡེ་བའི་ཏང་ཀྲི་པུའུ་ཡི་འཐབ་རྩོད་བྱེད་ནུས་འདོན་སྤེལ་བྱས་ཏེ། “ཆེད་ལས་མཁས་པ་མིན་པ”དང་མཉམ་ལས་ཁང་གི་འགན་ཁུར་བ་སྡེ་བའི་རིམ་པའི་ཐོན་ལས་དང་ཐུན་མོང་དཔལ་འབྱོང་འཕེལ་རྒྱས་ཀྱི་“སྣེ་ཁྲིད”པར་གསོ་སྐྱོང་བྱེད་དགོས། རྩ་འཛུགས་ལ་ཤུགས་བསྣན་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། ཐུན་མོང་དཔལ་འབྱོར་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྡེ་བའི་རྣམ་པ་ལེགས་བཅོས་དམ་འཛིན་དང་། སྡེ་བའི་སྒྲིག་སྲོལ་དང་དམངས་ཀྱི་སྒྲིག་ལམ་གྱི་ཧུར་ཐག་ནུས་པ་འདོན་སྤེལ་བྱས་ནས། “ཁ་འཐོར་དང་གོ་རིམ་མེད་པ། གྲལ་མི་དག་པ། ཞན་པ་”སོགས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས། ཤང་གི་ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣོན་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་ཀྱིས། ཕུལ་བྱུང་མི་རིགས་རིག་གནས་རྒྱུན་འཛིན་དེ་གྲོང་གསེབ་དར་སྤེལ་ཁྲོད་འདྲེས་སུ་འཇུག་པ་དང་། དེང་རབས་ཅན་ལ་ཕྱོགས་པའི་དུས་རབས་གསར་བའི་རོང་འབྲོག་དམངས་གསོ་སྐྱོང་བྱེད་དགོས། ལས་འགན་ཁ་ཕྱོགས་གསལ་བོར་བྱས་ནས་གང་མགྱོགས་ཀྱིས་ལག་བསྟར་བྱེད་ཐབས་དེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་ལ་སྤྲད་དེ་ཞིབ་འཇུག་བྱས་ནས། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ཚོད་ལྟའི་འཛུགས་སྐྲུན་གྱི་ཚན་རིག་འཆར་འགོད་ལ་སྐུལ་འདེད་བཏང་ནས། ཞབས་ཞུ་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་པ་དང་། གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་གསར་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།