ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས《བྱེད་ཐབས་འགའ》གཏན་འབེབས་བྱས་ཏེ་དྲ་རྒྱའི་གྲོས་གཞིའི་དཔར་ཐེངས་དྲུག་པའི་གཞི་ཁྱོན་བཀོད་སྒྲིག་དང་བེད་སྤྱོད་བྱ་བར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བདེ་འཇགས་དང་བརྡ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། ཁྱོན་ཡོངས་ནསIPv6གི་གཞི་ཁྱོན་བཀོད་སྒྲིག་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་སྒོས། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བདེ་འཇགས་དང་བརྡ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས《དྲ་རྒྱའི་གྲོས་གཞིའི་དཔར་ཐེངས་དྲུག་པའི་(IPv6)གཞི་ཁྱོན་བཀོད་སྒྲིག་དང་བེད་སྤྱོད་བྱ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ》(གཤམ་དུ《བྱེད་ཐབས་འགའ》)ཞིབ་འཇུག་གཏན་འཁེལ་བྱས། 

《བྱེད་ཐབས་འགའ》ཡི་གཏན་འབེབས་ལྟར་ན། དྲ་རྒྱའི་འདེགས་ཤུགས་ལ་ཤུགས་བསྣན་ཏེ། IPv6དྲ་རྒྱའི་ནུས་ཤུགས་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་བ་དང་། IPv6དྲ་རྒྱའི་ནུས་ཤུགས་མཐོར་འདེགས་སུ་བཏང་སྟེ། IPv6ཡི་དྲ་རྒྱའི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། རྒྱང་སྒྲོག་བརྙན་འཕྲིན་དྲ་རྒྱའི་IPv6བཟོ་བཅོས་ཇེ་མགྱོགས་སུ་བཏང་ནས། བེད་སྤྱོད་ཞབས་ཞུའི་ནུས་ཤུགས་ཇེ་ལེགས་སུ་གཏོང་བ་དང་། བེད་སྤྱོད་རྨང་གཞི་སྒྲིག་ཆས་ཀྱི་ལས་གཉེར་འདེགས་ཤུགས་ཤུགས་དྲག་ཏུ་བཏང་སྟེ། IPv6དང་བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་མཉམ་འདྲེས་འཕེལ་རྒྱས་སྐུལ་འདེད་དང་། མཐའ་སྣེ་རྒྱབ་སྐྱོར་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་དང་། ཁྱིམ་ཚང་དྲ་རྒྱའི་མཐའ་སྣེ་དངIPv6མཐུད་སྦྲེལ་མི་འདང་ས་ཁ་གསབ་བྱས་ཏེ། རིག་ནུས་ཁྱིམ་ཚངIPv6ཐོན་ལས་འཐུས་ཚང་དུ་གཏོང་བ། དངོས་དྲའི་མཐའ་སྣེའིIPv6བེད་སྤྱོད་ཤུགས་དྲག་ཏུ་གཏོང་བ། དེ་མིན་ལས་གཉེར་མཉམ་འདྲེས་བེད་སྤྱོད་རྒྱ་བསྐྱེད་དེ། ཞིང་ཆེན་ཁོངས་གཏོགས་རྒྱལ་གཉེར་ཁེ་ལས་མ་ལག་གི་IPv6བཟོ་བཅོས་ཟབ་སྤེལ་དང་། དངུལ་རྩའི་ལས་རིགས་མ་ལག་གིIPv6རིམ་འཕར་ལ་སྐུལ་འདེད། བཟོ་ལས་སྦྲེལ་དྲའིIPv6བེད་སྤྱོད་རྒྱ་བསྐྱེད་དེ། ཞིང་ཕྱུགས་ལས་IPv6བེད་སྤྱོད་གསར་གཏོད་འཕེལ་རྒྱས་ཤུགས་དྲག་ཏུ་བཏང་ནས། IPv6དང་སློབ་གསོའི་རྣམ་པ་གསར་བའི་རྨང་གཞི་སྒྲིག་ཆས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད། གྲངས་འཛིན་སྨན་བཅོས་བདེ་ཐང་དང་སྤྱི་ཚོགས་འགན་སྲུང་བརྡ་འཕྲིན་ཅན་གྱིIPv6བེད་སྤྱོད་ལ་སྐུལ་འདེད། འགྲིམ་འགྲུལ་ཆུ་བེད་གྲངས་འཛིན་ཅན་གྱི་སྒྲིག་ཆསIPv6བེད་སྤྱོད་ལ་སྐུལ་འདེད། རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་བརྡ་འཕྲིན་ཅན་གྱིIPv6བཀོད་སྒྲིག་བེད་སྤྱོད་ལ་སྐུལ་འདེད་བཏང་ནས། སྨྱན་བྱད་ལས་རིགས་ཀྱིIPv6མཉམ་འདྲེས་བེད་སྤྱོད་ཇེ་མགྱོགས་སུ་བཏང་སྟེ། ལས་རིགས་མཉམ་འདྲེས་བེད་སྤྱོད་རྒྱ་བསྐྱེད་དང་། གློག་རྡུལ་སྲིད་གཉེར་སྤྱི་སྟེགསIPv6བཟོ་བཅོས་ལ་སྐུལ་འདེད་གཏོང་བ། སྲིད་གཞུང་དྲ་ཚིགས་ཀྱིIPv6བཟོ་བཅོས་ཟབ་སྤེལ་བྱས་ཏེ། ཚོང་ལས་བེད་སྤྱོད་བཀོད་སྒྲིག་ཟབ་སྤེལ་དང་། ཚོང་ལས་སྟེགས་བུའི་IPv6ཁྱོན་ཡོངས་ནས་བཟོ་བཅོས་ལ་སྐུལ་འདེད། དྲ་ཚིགས་ཀྱིIPv6མཐུད་སྦྲེལ་དོ་དམ་ཤུགས་དྲག་ཏུ་བཏང་སྟེ། བདེ་འཇགས་འགན་སྲུང་ནུས་ཤུགས་ཤུགས་དྲག་ཏུ་བཏང་ནས། IPv6དྲ་རྒྱའི་བདེ་འཇགས་འགོག་སྲུང་མ་ལག་འཛུགས་སྒྲུབ་བྱས་ཏེ། གསར་དར་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་སྲུང་ནུས་ཤུགས་མཐོར་འདེགས་སུ་བཏང་ནས། འགན་སྲུང་བྱེད་ཐབས་ཤུགས་དྲག་ཏུ་གཏོང་བ་དང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས། སྲིད་ཇུས་རྒྱབ་སྐྱོར་འཐུས་ཚང་དང་། ལྟ་ཞིབ་ཚད་ལེན་ཡོངས་བསྒྲགས་བྱ་བ་སྤེལ་ཏེ། དྲིལ་སྒྲོག་ཁྱབ་གདལ་ལ་ཤུགས་སྣོན་དགོས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།