ཀྲུང་གོ་བོད་ཀྱི་དྲ་བ།

སྒྲོལ་མ་རྒྱལ། རྩྭ་ཐང་གི་བདེ་འཇགས་འགན་སྲུང་མཁན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1bd62eb5-f328-47ca-ae86-0d9ceaf80207.tif.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མང་ཚོགས་བློ་ཡིད་ཚིམ་པ་ནི་མི་དམངས་ལ་ཞབས་འདེགས་ཞུ་བའི་ཆེས་མཐོའི་ཚད་གཞི་ཡིན་པ་དང་། འགལ་བ་ཐག་གཅོད་བྱེད་པར་དོན་དག་ཞིབ་ཕྲ་ནས་འགོ་བརྩམས་ཏེ།དོན་དག་ཞིབ་ཕྲ་རེ་རེ་ལེགས་པར་བསྒྲུབ་ཐུབ་དགོས་ལ། ཉེན་ཁའི་གནས་ཚུལ་མདུན་དུ་ནུས་རྩལ་འདོན་པ་དང་། དཀའ་ཉེན་ཇི་ལྟར་ཆེ་བ་དེ་ཙམ་གྱིས་མདུན་དུ་བསྐྱོད་དགོས་ཞེས་པ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་སྤྱི་བདེ་ཅུའུ་ཚྭ་ཁ་མངགས་གཏོང་ཁང་གི་མགོ་གཙོ་གཞོན་པ་སྒྲོལ་མ་རྒྱལ་གྱིས་དུས་རྒྱུན་ཏུ་དེ་ལྟར་བཤད་པ་དང་ལག་ལེན་བྱེད་ཀྱིན་ཡོད། ཁོང་གིས་ཕྲག་གི་འགན་འཁྲི་དང་ལས་འགན་བློར་བརྟན་པོར་ངེས་ནས་ཕྱིར་བཤོལ་མི་བྱེད་པ་དང་འཇིགས་སྐུལ་ལ་དཔའ་མི་ཞུམ་པ་དང་། ཉེན་ཁའི་མདུན་དུ་གང་ལའང་མི་འཛེམ་པར་འགན་་ཕྲག་ཏུ་འཁུར་ཐུབ་པ།ལག་ལེན་ལ་བརྟེན་ནས་དུས་རབས་གསར་པའི་མི་དམངས་ཉེན་རྟོག་པའི་འགན་འཁྲི་བསྒྲུབ་བཞིན་ཡོད།

མངགས་གཏོང་ཁང་ནང་ལས་ཀ་མང་ལ་རྙོག་འཛིང་ཆེ་བ་དང་། སྒྲོལ་མ་རྒྱལ་གྱིས་ཧུར་ཐག་སྒོས་སློབ་སྦྱོང་བྱེད་པ་དང་།མ་ཤེས་པ་ནས་འདྲི་བ། ད་ལྟའི་བར་ལས་ཀ་དང་འཚོ་བའི་བརྒྱུད་རིམ་གང་ཡིན་རུང་ཁོང་གིས་ཐོག་མཐའ་བར་གསུམ་དུ་སྤྱིར་བཏང་གི་ལས་གནས་སྟེང་། གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་དམ་བཅའ་ལག་བསྟར་བྱེད་ཀྱིན་ཡོད་པ་མ་ཟད། ལས་དོན་ལེགས་པོཏ་བསྒྲུབ་མཐར་གོང་རིམ་ཏང་ཨུའི་གཟེངས་བསྟོད་ཐེངས་མང་པོ་ཐོབ།

ཚྭ་ཁ་མངགས་གཏོང་ཁང་གི་ཁོངས་གཏོགས་སུ་གཙོ་བོ་སོག་རིགས་འབྲོག་པ་མང་ཚོགས་ཡིན་པ་དང་། མང་ཚོགས་ཁ་ཐོར་དུ་གནས་པ་དང་ལྷག་པར་དུ་དབྱར་དུས་སུ་འབྲོག་པ་རྣམས་རི་མཐོའི་དབྱར་སར་གནས་སྤར་ཡོད་པས། འགྲོ་ལམ་ཀྱག་ཀྱོག་ཆེ་བ་དང་རླངས་འཁོར་འགྲོ་ཐབས་བྲལ་བས་གྲངས་ཉུང་མི་རིགས་ཡིན་པའི་སྒྲོལ་མ་རྒྱལ་ལ་མཚོན་ན་སྐད་ཡིག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རྟག་ཏུ་རྟ་བཞོན་ནས་འབྲོག་ཁུལ་དུ་བསྐྱོད་དེ་ཁོངས་གཏོགས་ཁུལ་གྱི་འབྲོག་པའི་རྒྱུན་ལྡན་གྱི་འཚོ་བའི་འགལ་བ་དུས་ཐོག་ཏུ་ཐག་གཅོད་བྱས་ནས་ཁོངས་གཏོགས་ཁུལ་གྱི་འབྲོག་པ་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་དང་། རྩྭ་ཐང་སྟེང་གི་བདེ་འཇགས་ལྟ་སྲུང་བ་དང་འབྲོག་པ་མང་ཚོགས་ཀྱི་བློས་ཐུབ་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།