ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བདུན་ཉིན་ནས་ཚེས་བརྒྱད་ཉིན་བར། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོང་འཚོ་བའི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཚད་གཞིར་འཛིན་པ་དང་། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱས་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ། ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། དུས་རབས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ། མི་དམངས་བསམ་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། ཁག་ཁུར་འབད་འཐབ་བྱེད་པ། མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རྒྱུགས་ལེན་གསར་བའི་ལམ་བུ་རུ་བསྐྱོད་དགོས་པའི་བརྗོད་དོན་དུ་བྱེད་པ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་དང་མི་སྒེར་གྱི་བསམ་བློའི་སྤྱོད་ཚུལ། བྱ་བའི་གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱེད་པ། དེའི་ཐད་གནས་པའི་གནད་དོན་ལ་བརྟག་བཤེར་བྱེད་པ། ཉམས་མྱོང་སྤྱི་སྡོམ་བྱེད་པ། བསམ་བློ་བརྗེ་རེས་བྱེད་པ། ཏང་གཤིས་དབྱེ་ཞིབ་བྱས་ནས། སྐྱོན་བརྗོད་དང་རང་སྐྱོན་ངོས་ལེན་ནན་མོར་སྤེལ་དགོས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་སྤྱི་སྡོམ་གཏམ་བཤད་བྱས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བའི་ཚན་གཙོ་ཝེ་ཏཱ་ཕིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་དཔྱད་འཇོག་གཏམ་བཤད་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་དང་རྒྱུན་ལས་ཨུ་ཡོན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། གྲོས་ཚོགས་སྔོན་དུ། གཅིག་བསྡུས་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་བྱེད་པ་གཉིས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ནན་མོ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་གློག་བརྙན་ལ་བལྟས་པ་དང་། གླེང་མོལ་བྱས་པ་དང་། བསམ་ཚུལ་ལ་ཉན་པ། རྒྱུན་ལས་ཨུ་ཡོན་ཚན་ཁག་དང་མི་སྒེར་གྱི་ཤན་སྦྱར་ཞིབ་བཤེར་ཡིག་ཆ་བྲིས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་བའི་ཐད་གྲ་སྒྲིག་གང་ལེགས་བྱས།

ཚོགས་ཐོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱི་སྡོམ་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཐད་ཀྱི་བསམ་འཆར་བསྡུ་ལེན་གནས་ཚུལ་དང་། 2021ལོར་ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་པའི་གནས་ཚུལ། ཞིང་ཆེན་ཡོངས་ཀྱི་ཕྱི་ཚུལ་རིང་ལུགས་ལ་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བའི་གནས་ཚུལ། 2020ལོའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་ཀྲུང་དབྱང་སྐོར་ཞིབ་ལེགས་བཅོས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་བརྟག་བཤེར་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་བཅས་ཁྱབ་བསྒྲགས་བྱས། ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཤན་སྦྱར་ཞིབ་བཤེར་བྱས་པ་མ་ཟད་འགོ་ཁྲིད་དེ་གཏམ་བཤད་པ་དང་། རང་འགུལ་གྱིས་སྐྱོན་བརྗོད་དང་ལེན་བྱས། དེའི་རྗེས། རྒྱུན་ལས་ཨུ་ཡོན་ཚན་ཁག་གི་བློ་མཐུན་གྱིས་རིམ་པ་བཞིན་མི་སྒེར་གྱི་ཤན་སྦྱར་ཞིབ་བཤེར་བྱས་པ་དང་། སྐྱོན་བརྗོད་དང་རང་སྐྱོན་ངོས་ལེན་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས་གཏམ་བཤད་པ་དང་། རང་ཉིད་དེའི་ཁྲོད་འཇོག་པ་དང་འགན་འཁྲི་དེ་ཁྲོད་འཇོག་པ། བྱ་བ་དེའི་ཁྲོད་བཞག་ལ། བརྗོད་དོན་ལ་དམིགས་ནས་ངོས་ཟིན་དང་བསམ་གཞིགས་གླེང་བ་དང་། སྣེ་ཁྲིད་ལྔ་ཚད་གཞིར་བཟུང་ནས་གནད་དོན་ལ་ལྟ་ཞིབ་ཟབ་མོ་བྱས་ལ། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་བརྟག་བཤེར་དབྱེ་ཞིབ་ནན་མོ་བྱས་ཏེ། མི་མཐོང་བ་དང་བྱ་བ་མཐོང་བ། བསམ་བློ་མཐོང་བར་བྱེད་པ་དང་། ཏང་ལ་བློ་དཀར་བ་དང་མི་དམངས་ལ་འགན་མཐོན་པོ་ཁུར་བ་མངོན་པར་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཐད་ནས་བླངས་པའི་བསམ་བློ་དང་ལག་ལེན་གྲུབ་འབྲས་འགྲེམ་སྟོན་བྱས། ཚང་མས་མཐའ་གཅིག་ཏུ། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་གཟབ་ནན་དང་བློ་དཀར་བ། ནན་ཏན་སྒོས་སྤེལ་བ་དང་། སྤུས་ཚད་ལྡན་པ་དང་གྲུབ་འབྲས་བླངས་ལ། རང་སྐྱོན་ངོས་ལེན་བྱས་པ་མ་ཟད། ཕན་ཚུན་རོགས་རེས་ཀྱི་གསལ་འདེབས་ཀྱང་ཡོད་པ་དང་། བདེ་ཐང་ཤུགས་ལྡན་གྱི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཡིན་ལ། བསམ་བློ་སྦྱོང་བརྡར་གྱི་ནང་སེམས་ཀྱི་དག་གཙང་ཡང་ཡིན་པ་མ་ཟད། རྒྱུན་མཐུད་འབད་འཐབ་ཀྱི་འགྲུལ་བཞུད་ཐེངས་ཤིག་ཡིན་ལ། གཏན་ཁེལ་གཉིས་ཀྱི་བསམ་བློ་ཇེ་བརྟན་དུ་གཏོང་བ་དེ་ལས་ཀྱང་ཡིན།

ཝང་ཅན་ཅུན་གྱིས་སྤྱི་སྡོམ་གཏམ་བཤད་ནང་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་ནས། ཏང་ཡོངས་ཀྱི་མིག་དཔེ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། ལོ་རྒྱུས་ཀྱི་རང་རྟོན་ཇེ་དྲག་ཏུ་གཏོང་བ་དང་མཐུན་སྒྲིལ་གཅིག་གྱུར་ཇེ་དྲག་ཏུ་གཏོང་བ། འཐབ་རྩོད་དགོངས་དོན་ཇེ་དྲག་ཏུ་གཏོང་བའི་རེ་བ་གལ་ཆེན་ཡིད་ལ་དམ་པོར་འཛིན་པ། མིག་དཔེ་ལ་སློབ་སྦྱོང་བྱེད་པ་དང་ཚད་གཞིར་དམིགས་པ། ཁ་ཕྱོགས་དམིགས་པ་དང་གཞི་འཛིན་སའི་རྗེས་སྙེག་ནས། གཟབ་ནན་དངོས་གཉེར་གྱི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། སྣེ་ཁྲིད་པ་ལྔ་ལག་བསྟར་བྱེད་པའི་ཐད་བསམ་བློ་ཆབ་སྲིད་དང་གཞུང་ལུགས་ཆུ་ཚད། ཆེད་ལས་ནུས་པ། ལག་ལེན་ནུས་པ། སྒྲིག་ལམ་སྤྱོད་ཚུལ་བཅས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་ཆེད། ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲུབ་འབྲས་བྱ་བ་བཟང་བོར་བསྒྲུབ་པའི་གྲུབ་འབྲས་སྟེང་མངོན་པར་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རྒྱུགས་ལེན་གསར་བའི་ལམ་བུ་རུ་བསྐྱོད་དགོས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། དར་ཆ་ནི་ཁ་ཕྱོགས་ཡིན་ལ། དར་ཆ་ནི་སྟོབས་ཤུགས་ཡིན་པ་དང་། དར་ཆ་ནི་ཡིད་ཆེས་ཡིན་ལ། དར་ཆ་ནི་དད་མོས་ཡིན་པས། རླབས་ཆེ་བའི་དར་ཆར་བརྟེན་ནས་བསམ་བློ་གཅིག་གྱུར་བྱེད་པ་དང་འདོད་བློ་གཅིག་གྱུར་བྱེད་པ། འགུལ་སྐྱོད་ལ་གཅིག་གྱུར་བྱེད་པ། ཏང་གི་མཛུབ་སྟོན་བསམ་བློ་ལ་བརྟེན་ནས་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་རྒྱུན་མི་ཆད་པར་མཐོར་འདེགས་གཏོང་དགོས། གཏན་ཁེལ་གཉིས་ཆེས་ཆེ་བའི་ཆབ་སྲིད་དང་ཆེས་ཆེ་བའི་འགན་འཁྲི་རུ་བརྩིས་ནས་ལག་བསྟར་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་བསྒྲགས་པའི་གཏན་ཁེལ་གཉིས་དེ་དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་བརྒྱུད་རིམ་སྤེལ་བའི་ཐད་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པས། ངེས་པར་དུ་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ་དང་རང་རྟོགས་སྒོས་ལག་བསྟར་བྱེད་པའི་ཁྲོད་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བ་བྱེད་པ་དང་། མཐོ་གནས་འཛུགས་སྐྲུན་བྱེད་པ་དང་གནས་བཞི་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་དངོས་དང་ལག་ལེན་དངོས་ལ་བརྟེན་ནས། འཕེལ་རྒྱས་ཐད་ཀྱི་དཀའ་གནད་ཐག་གཅོད་པ་དང་འཕེལ་རྒྱས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། འཕེལ་རྒྱས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་བ་བྲིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་འཆར་འགོད་བྱས་པའི་འཆར་གཞི་དེ་མཛེས་སྡུག་གི་མངོན་སུམ་དུ་འགྱུར་བར་བྱེད་དགོས། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། ཏང་གི་བུ་དང་བུ་མོ་བཟང་བོ་བྱེད་པ། ཏང་ལ་བཅངས་པའི་དགའ་ཞེན་དང་དད་མོས། བློ་དཀར་བ་དེ་བསམ་བློ་དང་འགུལ་སྐྱོད་སྟེང་མངོན་པར་བྱེད་པ་དང་བྱ་བ་དང་འཚོ་བའི་སྟེང་ལག་བསྟར་བྱས་ཏེ། རིགས་སོ་སོའི་མང་ཚོགས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། དུས་རབས་གསར་བར་སྐྱོད་པ་དང་འཐབ་ལམ་གསར་བར་བྱས་རྗེས་འཇོག་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།