ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཝེ་ཡིས་འགོ་མཛིན་བྱས་ནས་ཆེད་མཁས་པའི་དཔྱད་སྒྲུབ་གྲོས་ཚོགས་བསྡུས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འཛུགས་བྱ་བའི་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་མགོ་འཛིན་བྱས་ནས་ཆེད་དོན་དཔྱད་སྒྲུབ་གྲོས་ཚོགས་བསྡུས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འཛུགས་བྱ་བའི་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས།

མཱ་ཝེ་ཡིས་བསྟན་དོན། ཆེད་མཁས་པའི་དཔྱད་སྒྲུབ་གྲོས་ཚོགས་བསྡུ་བ་ནི་ཁྲིམས་འཛུགས་བྱ་འགུལ་གྱིས་གོ་རིམ་ཧྲིལ་བོར་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་ལག་ལེན་གསོན་པོ་ཡིན་ལ། ཚན་རིག་དང་མཐུན་པ་དང་དམངས་གཙོ་ལྟར་ཁྲིམས་ལྟར་ཁྲིམས་འཛུགས་པའི་མཚོན་བྱེད་གཙོ་བོ་ཡང་ཡིན་པས། ཚོགས་ཞུགས་ཆེད་མཁས་པས་གནས་ཚུལ་དངོས་ལ་རྐང་བཙུགས་ནས། འཇོན་ཐང་འདོན་སྤེལ་བྱས་ཏེ། ཁ་གཏད་རང་བཞིན་ལྡན་པའི་བསམ་འཆར་བཏོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་དང་བསྡུ་ལེན་ནན་མོ་བྱེད་པ་དང་། བསྒྱུར་བཅོས་དང་མཐོར་འདེགས་བཏང་ནས། ཧུར་ཐག་གིས་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་འཛུགས་སྐྲུན་བྱེད་དགོས།

མཱ་ཝེ་ཡིས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི། འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་རེ་བ་ཡིན་པས། ངེས་པར་དུ་ལམ་ལུགས་ལ་རྒྱབ་རྟེན་པ་དང་ཁྲིམས་སྐྱོང་ལ་རྒྱབ་རྟེན་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། ཧུར་ཐག་གིས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བར་སྟོང་གྲུབ་ཚུལ་དང་ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་འཚོ་བའི་རྣམ་པ་གྲུབ་པར་བྱེད་པ། བཙོག་བཟོ་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་ལ་གཅིག་གྱུར་འཆར་འགོད་བྱས་ནས། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པའི་ཐད་ལམ་ལུགས་ཀྱི་མཁོ་འདོན་དང་ཁྲིམས་སྐྱོང་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྒོ་ནས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བ། དབང་ཟིལ་ཕན་མཐོའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་མ་ལག་ལེགས་བསྒྱུར་བྱེད་པ་དང་བཙོག་བཟོ་འགོག་བཅོས་དང་སྐྱེ་ཁམས་སླར་གསོ་ལ་ཤུགས་སྣོན་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པར་བྱེད་པ་སོགས་ཕྱོགས་ནས་བྱེད་ཐབས་བཟང་བོ་སྤྱད་དེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་ཚང་རང་བཞིན་དང་སྤྱི་ཁོག་རང་བཞིན། མཉམ་ལས་རང་བཞིན་མཐོར་འདེགས་གཏོང་དགོས།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།