ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐའོ་ཡིས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་བར་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་བར་རྟོག་ཞིབ་གནང་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གི2022ལོའི་ལོ་གསར་ཤིས་ཚིག་གི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྲུང་སྐྱོང་སྔོན་ལ་འཇོག་པ་མཐའ་འཁྱོངས་དང་། འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས་པར་བསྟན།

ལིའུ་ཐའོ་ནུ་ལྕེའི་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་དང་། རྟ་ནག་མའི་གད་སྙིགས་སྦས་ས། མཚོ་སྔོན་པོའི་ཆུ་མིག་མཚོ་ཁུག་འདམ་ར། ཁེ་རམས་ཐང་མཛེས་ལྗོངས་ཁུལ་བཅས་སུ་ཕྱིན་ནས་མཚོ་སྐོར་ས་ཁུལ་གྱི་གད་སྙིགས་གཙང་བཅོས་དང་། འདམ་ར་སྲུང་སྐྱོང་། དེ་བཞིན་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་བྱ་བར་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། ལྷག་པར་དུ་ལོ་གསར་གྱི་ཤིས་ཚིག་ནང“རླབས་ཀྱིས་སྐྱོམས་པའི་མཚོ་སྔོན་པོ”ཞེས་གསུངས་པ་དེ་ནི་ལྕག་སྐུལ་གནང་བ་ཞིག་ཡིན་པ་མ་ཟད། ང་ཚོའི་བྱ་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་བླང་བྱ་གལ་ཆེན་བཏོན་པ་ཞིག་རེད་ཞེས་བསྟན།

ལིའུ་ཐའོ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་དེ་བཞིན་ལོ་གསར་གྱི་ཤིས་ཚིག་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། མངགས་བཅོལ་ཟབ་མོ་སེམས་ལ་བརྟན་པོར་བཅངས་ནས་འགན་འཁྲི་འཁུར་ཕོད་པར་བྱེད་པ། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་སྤྱི་གླིང་འཛུགས་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཚོལ་ཞིབ་བཅས་བྱས་ཏེ་སྲུང་སྐྱོང་དང་འཕེལ་རྒྱས་གཉིས་ཕན་མངོན་འགྱུར་འབྱུང་བར་ཧུར་ཐག་བྱེད་དགོས། ས་ཁོངས་སྤྱི་འདོམས་ལ་མཐོང་ཆེན་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་གད་སྙིགས་གཙང་སེལ་བཅོས་སྒྲིག་བྱེད་པ། གནོད་མེད་ཅན་གྱི་གད་སྙིགས་དང་བཙོག་ཆུ་གཙང་བསྒྱུར་མ་ལག་ཧུར་ཐག་གིས་འཛུགས་པ། མཚོ་སྐྱེས་སྔོ་རིགས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ཁོར་ཡུག་འཕྲོད་བསྟེན་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། ཆུ་བོའི་འབབ་རྒྱུད་ཀྱི་འཆར་འགོད་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རྒྱུན་མཐུད་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་། གོ་རིམ་ལྡན་པས་སྲུང་སྐྱོང་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དང་སྐྱེ་ཁམས་ཉམས་ལེན། རང་བྱུང་སློབ་གསོ་བཅས་འཆར་འགོད་བྱས་ཏེ། མཚོ་སྔོན་པོའི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པར་འཚོལ་ཞིབ་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།