ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཐད་མ་དངུལ་སྒོར་དུང་ཕྱུར4.77བཏང་བ།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། 2022ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་མཁར་གྲོང་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཀྱི་ཁ་གསབ་མ་དངུལ་ཁག་ཅིག་གི་སྔོན་རྩིས་སྔ་སྣུར་སྒོས་གཏོང་སྤྲོད་བྱས་པ་དང་། མ་དངུལ་སྒོར་ཁྲི47737ཞིང་ཆེན་ཡོངས་ཀྱི་གླ་གཏོང་སྡོད་ཁང་གི་ཁ་གསབ་དང་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས། གཞིས་ཁུལ་རྙིང་བ་བསྒྱུར་བཀོད་སོགས་ཀྱི་ཐད་བཀོལ་ནས་སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱས།

རྒྱུས་ལོན་པ་ལྟར་ན། སྔོན་རྩིས་བཟོ་སྒྲིག་གི་འཐུས་ཚང་རང་བཞིན་མཐོར་འདེགས་སུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་སྔོན་རྩིས་གྱི་སྤོ་བསྒྱུར་རྩིས་སྤྲོད་ཇེ་མགྱོགས་སུ་གཏོང་ཆེད། 《ནོར་སྲིད་པུའུ་ཡིས2022ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་མཁར་གྲོང་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཀྱི་ཁ་གསབ་མ་དངུལ་ཁག་ཅིག་གི་སྔོན་རྩིས་སྔ་སྣུར་སྒོས་གཏོང་སྤྲོད་བྱེད་པའི་སྐོར་གྱི་བརྡ་སྦྱོར》གྱི་གཏན་འཁེལ་དང་། 2022ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་སྔོན་རྩིས་སྤོ་བསྒྱུར་རྩིས་སྤྲོད་བཀོད་སྒྲིག་ལ་གཞིགས་ཏེ། 2022ལོའི་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཀྱི་ཁ་གསབ་མ་དངུལ་གྱི་སྔོན་རྩིས་སྒོར་ཁྲི47737གཏོང་སྤྲོད་བྱས་ལ། དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱི་མཁར་གྲོང་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི26731དང་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་ཁྲི21006ཚུད་ཡོད། དེའི་ཁྲོད་ཀྲུང་དབྱང་ནོར་སྲིད་ཀྱི་མཁར་གྲོང་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཀྱི་ཁ་གསབ་མ་དངུལ་ཆེད་སྤྱོད་དེ་གྲོང་ཁྱེར་གྱི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོད་དང་མཁར་གྲོང་གི་གཞིས་ཁུལ་རྙིང་བ་བསྒྱུར་བཀོད་ཐད་བཀོལ་བ་དང་། དེ་ལས་གཞན་ཆ་རྐྱེན་དང་འཚམ་པའི་ཁྲོམ་རར་སྡོད་ཁང་གླས་པའི་མཁར་གྲོང་སྡོད་ཁང་འགན་སྲུང་ཁྱིམ་ཚང་ལ་གླ་གཏོང་ཁ་གསབ་བྱ་རྒྱུ་ཡིན་ལ། ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་ཆེད་སྤྱོད་དེ་མཁར་གྲོང་གི་གཞིས་ཁུལ་རྙིང་བ་བསྒྱུར་བཀོད་ཐད་བཀོལ་རྒྱུ་རེད། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་མཁར་གྲོང་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཁ་གསབ་མ་དངུལ་དེ་ཐད་གཏོང་མ་དངུལ་དོ་དམ་ཁྲོད་བཞག་ནས་ཐད་ཀར་དུ་རྫོང་རིམ་པར་སྟེར་རྒྱུ་རེད། ཞིང་ཆེན་ནོར་སྲིད་ཐིང་གིས་ས་ཁུལ་སོ་སོས་ནན་ཏན་སྒོས《ནོར་སྲིད་པུའུ་དང་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་པུའུ་ཡིས<ཀྲུང་དབྱང་ནོར་སྲིད་ཀྱི་མཁར་གྲོང་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་ཐད་ཀྱི་ཆེད་སྤྱོད་མ་དངུལ་དོ་དམ་བྱེད་ཐབས>དཔར་འགྲེམ་བྱེད་པའི་སྐོར་གྱི་བརྡ་སྦྱོར》གྱི་གཏན་འཁེལ་ལྟར། ཚད་གཞི་ལྟར་ཆེད་སྤྱོད་མ་དངུལ་བེད་སྤྱོད་བྱས་ཏེ་མ་དངུལ་དེ་ཆེད་དངུལ་ཆེད་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།