ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ལས་གཉེར་མི་སྣས་ལས་རྐང་སྦྱོང་བརྡར་ཆེན་མོ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ལས་གཉེར་མི་སྣའི་སྤྱིའི་སྤུས་ཚད་དང་ལས་དོན་ནུས་པ། ཞབས་ཞུ་ཆུ་ཚད་བཅས་མུ་མཐུད་དུ་མཐོར་འདེགས་པ། རྒྱལ་སྤྱིི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་གནས་སྐྲུན་པར་རྨང་གཞི་བརྟན་པོར་འདིང་བ་བཅས་ཀྱི་ཆེད་དུ། ཟླ་དང་པོ་ནས་བཟུང་སྟེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ལས་གཉེར་མི་སྣའི“ལས་རྐང་སྦྱོང་བརྡར་ཆེན་མོ”མགོ་བརྩམས་པ་རེད། 

རྒྱུས་ལོན་པ་ལྟར་ན། བྱ་འགུལ་གྱིས“མི་སྣ་ཡོངས་གསོ་སྦྱོང་དང་། གཙོ་གནད་འབུར་དུ་དོད་པ། གནད་ཁེལ་སྦྱོང་བརྡར་སྤེལ་བ། དངོས་ཕན་མཐོང་ཆེན་བྱེད་པ”བཅས་ཀྱི་རྩ་དོན་བླང་བྱ་ལྟར། ས་གནས་སོ་སོའི་རིམ་པ་མཐོ་བའི་གསོལ་ཁང་དང་། ཡུལ་སྐོར་ཁང་། སྣེ་ཤན་པ། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས། ཤང་གྲོང་ཡུལ་སྐོར་སྣེ་ལེན་ཁང་། རིག་གནས་རོལ་རྩེད་འདུ་གནས། ཝུན་པའོ་ལས་ཁུངས་བཅས་ཀྱི་ལས་གཉེར་མི་སྣ་བཅས་ལ་ཁྱོན་ཡོངས་ནས་རེས་སྐོར་སྦྱོང་བརྡར་བྱེད་རྒྱུ་རེད། གསོ་སྦྱོང་གི་ནང་དོན་ལ་ཆབ་སྲིད་གཞུང་ལུགས་སློབ་སྦྱོང་འབུར་དུ་དོད་པ་དང་། ཆེད་ལས་ནུས་པ་མཐོར་འདེགས་ལ་ཤུགས་སྣོན་པ། བབ་བསྟུན་དོ་དམ་གསོ་སྦྱོང་ལ་ཤུགས་སྣོན་པ་སོགས་འདུ་ལ། ཁ་གཏད་རང་བཞིན་གྱིས་དྲ་ལམ་དང་ཡུལ་དངོས། སློབ་ཁྲིད་དང་ལག་ལེན་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་དེ། རིགས་དབྱེ་ཁག་བགོས་ཀྱིས་གསོ་སྦྱོང་སྤེལ་རྒྱུ་རེད། 

“ལས་རྐང་སྦྱོང་བརྡར་ཆེན་མོའི”བྱ་འགུལ་གྱིས་ལས་རིགས་ཁྱད་ཆོས་འབུར་དུ་དོད་པ་དང་། “ནུས་པ་སྦྱོང་བརྡར་དང་རྨང་གཞི་སྲ་བརྟན།” “ཅི་སྒྲུབ་དགོས་པ་དེ་སློབ་པ་དང་གང་ཆད་པ་དེ་ཁ་གསབ་བྱེད་པའི”རྩ་དོན་ལྟར། ཁྱབ་ཁོངས་མི་འདྲ་བ་དང་། ཁེ་ལས་མི་འདྲ་བ། ཚོགས་སྤྱི་མི་འདྲ་བ་གཞིར་བཟུང་ནས་ལས་རྐང་གི་ངེས་མཁོའི་ཤེས་བྱ་གསོ་སྦྱོང་དང་རྩ་བའི་ནུས་པ་སྦྱོང་བརྡར་ཇེ་དྲག་ཏུ་བཏང་སྟེ། ལས་གཉེར་མི་སྣ་ལས་རྐང་ལ་འཚམ་པ་དང་ལས་སྒོ་ལ་བྱང་ཆ་ལྡན་པར་སྐུལ་འདེད་གཏོང་རྒྱུ་རེད། ལས་སྒོ་འགྲན་སྡུར་དང་དོན་དངོས་བེད་སྤྱོད། འདྲ་གཟུགས་ཡུལ་ལྗོངས་སོགས་རྣམ་པ་སྣ་ཚོགས་བརྒྱུད་དེ། ལས་རྐང་གི་ནུས་ལྡན་པ་དཔྱད་སྡུར་ཆེན་མོ་དང་སྦྱོང་བརྡར་ཆེན་མོའི་བྱ་འགུལ་རྩ་འཛུགས་བྱས་ཏེ། ལས་རིགས་རྐང་འཛིན་པ་དང་། ལས་རྐང་གི་ནུས་ལྡན་པ། ལས་རྐང་དཔེ་བཟང་བཅས་སྐོར་ཞིག་འདེམ་སྒྲུག་གསོ་སྦྱོང་བྱེད་པ་དང་། ལས་རིགས་ཡོངས་ཀྱི་འཇོན་ཐང་མི་སྣ་སྐས་རིམ་ལྟར་གསོ་སྦྱོང་རྐྱེན་སྲོལ་འཛུགས་པ་ལྷུར་བླངས་ཏེ། འཇོན་མི་འདེགས་སྐྱོར་སྣེ་ཁྲིད་ཀྱི་ནུས་པ་ཕུན་སུམ་ཚོགས་པའི་ངང་འདོན་རྒྱུ་རེད། 

ཐེངས་འདིའི་བྱ་འགུལ2022ལོའི་ཟླ12པའི་བར་དུ་བསྟུད་མར་སྤེལ་རྒྱུ་རེད། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།