ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་དངོས་རྫས་མཐུན་ཚོགས་ཀྱིས་ཞི་ཨན་དུ་རིམས་འགོག་དངོས་རྫས་ཞལ་འདེབས་ཕུལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་གཅིག་ལ་དཀའ་ཁག་ཡོད་ན། ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད། ཞི་ཨན་གྲོང་ཁྱེར་རིམས་ནད་འགོག་སྡོམ་གྱིས་རྒྱལ་ཡོངས་མི་དམངས་ཀྱི་སེམས་པ་གཅིག་ཏུ་སྒྲིལ་ཡོད། ཟླ1པོའི་ཚེས2ཉིན། ཞི་ཨན་གྲོང་ཁྱེར་གཞིས་ལས་དོ་དམ་མཐུན་ཚོགས་ལ་མཚོ་སྔོན་ཞིང་ཆེན་དངོས་རྫས་མཐུན་ཚོགས་ཀྱིས་ཞལ་འདེབས་ཕུལ་བའི་རིམས་འགོག་དངོས་རྫས་འབྱོར་ཡོད། རླངས་འཁོར་གཅིག་ཏུ་རིན་གོང་སྒོར་ཁྲི11ཡོད་པའིN95ཁ་ཐུམ་དང་། ཕྱི་ནད་ཚན་ཁག་གི་ཁ་ཐུམ། སྨན་བཅོས་འགོག་སྲུང་ལྭ་བ་སོགས་རིམས་ནད་འགོག་སྡོམ་འཕྲལ་བསྟུན་ཉེར་མཁོའི་དངོས་རྫས་ཡོད་ཅིང་། དེས་སྤུན་ཟླ་ཞིང་ཆེན་གྱི་འཚམས་འདྲི་ཁྱེར་ནས། སྤྱི་ལེ800མཚམས་སུ་བསྐྱོད་དེ། དུས་ཐོག་ཏུ་ཞི་ཨན་དུ་འབྱོར་ཡོད།

2021ལོའི་ལོ་མཇུག་ཏུ། ཞི་ཨན་པྲོག་གསར་གློ་ཚད་རིམས་ནད་ཀྱིས་གྲོང་ཁྱེར་འདིའི་ལས་རིགས་ཚང་མ་མཚམས་འཇོག་ཏུ་བཅུག་ཡོད། རིམས་ནད་འགོས་ཁྱབ་ལ་འགོག་སྡོམ་བྱ་ཆེད། ཞི་ཨན་གྲོང་ཁྱེར་གྱིས་ཕྱིར་འགྲོ་སའི་བརྒྱུད་ལམ་བཀག་ཅིང་། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱིས་དཀའ་བ་ཁྱད་དུ་བསད་དེ། བློ་སེམས་གཅིག་སྒྲིལ་གྱིས་རིམས་ནད་འགོག་སྡོམ་གྱི་གཡུལ་འཐབ་ཁྲོད་ཞུགས། ཞི་ཨན་གྲོང་ཁྱེར་གྱི་ལས་གཉེར་ཞབས་ཞུ་ཁེ་ལས3000ལྷག་དང་གཞིས་ལས་ཞབས་ཞུ་མི་སྣ་ཁྲི10ལྷག་རིམས་ནད་འགོག་སྡོམ་བྱ་བའི་ཁྲོད་ཞུགས་ཏེ། མཉམ་འགོག་མཉམ་བཅོས་ཀྱི“མཇུག་མཐའི་སྤྱི་ལེ་གཅིག”བརྟན་སྲུང་བྱས་པ་དང་། གྲོང་ཁྱེར་ནང་ཁུལ་གྱི་དུད་ཁྱིམ་ཁྲི1300ཡི་བདེ་འཇགས་བརྟན་སྲུང་བྱས།

2021ལོའི་ཟླ12པའི་ཚེས29ཉིན། ཀྲུང་གོའི་གཞིས་ལས་དོ་དམ་མཐུན་ཚོགས་ཀྱི《ཞི་ཨན་གྲོང་ཁྱེར་གཞིས་ལས་དོ་དམ་ལས་རིགས་ལ་པྲོག་གསར་གློ་ཚད་འགོག་སྡོམ་དངོས་རྫས་ཞལ་འདེབས་འབུལ་བའི་གྲོས་གཞི་ཡི་གེ》ལྟར། རང་ཞིང་གི་གཞིས་ལས་ཁེ་ལས་ཀྱིས་ཧུར་ཐག་གིས་དོན་འཁྱོལ་བྱས་ཏེ2021ལོའི་ཟླ12པའི་ཚེས31ཉིན་བར་དུ།  ཁོངས་གཏོགས་ལས་ཁུངས21ཡིས་རང་མོས་སྒོས་སྒོར་ཁྲི11ཞལ་འདེབས་སུ་ཕུལ་ནས། དུས་ཐོག་ཏུ་རིམས་ནད་འགོག་སྡོམ་དངོས་རྫས་ཉོ་སྒྲུབ་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ཞི་ཨན་གྲོང་ཁྱེར་གྱི་གཞིས་ལས་ལས་རིགས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་རྒྱབ་སྐྱོར་བྱས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།