ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཟུར་པ། ཚྭ་འདམ་གཞོང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཟུར་པ་ཝང་ཅན་ཧྥུང་གིས་དབང་ཆ་གང་འདོད་དུ་སྤྱོད་པ་དང་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པས། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱས་ཏེ་མཇུག་བསྡུས་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་རྩིས་སྤྲད་བྱས། ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་དབང་ཆ་གང་འདོད་དུ་སྤྱོད་པ་དང་ལྐོག་རྔན་བླངས་པ་སོགས་དོགས་གཞི་ཡོད་པས་ཝང་ཅན་ཧྥུང་འཛིན་བཟུང་བྱ་རྒྱུའི་ཐག་བཅད་པ་དང་། གྱོད་དོན་ད་ལྟ་བསྒྲུབ་བཞིན་པའི་སྒང་རེད། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཝང་ཅན་ཧྥིན་འཛིན་བཟུང་བྱ་རྒྱུའི་ཐག་བཅད།