ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་མཐོ་སློབ་གསུམ་ལ“བུད་མེད་ཀྱི་ཁྱིམ་གཞིས”ཡོད་པར་གྱུར་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་ལ་གཏོགས་པའི་མཐོ་སློབ་གསུམ་སྟེ། མཚོ་སྔོན་ཞིང་ཆེན་མི་རིགས་སློབ་ཆེན་དང་། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་སློབ་ཆེན་བཅས་སུ“བུད་མེད་ཀྱི་ཁྱིམ་གཞིས”བཙུགས་ཏེ། ཞིང་ཆེན་ལ་གཏོགས་པའི་མཐོ་སློབ་ལ“བུད་མེད་ཀྱི་ཁྱིམ་གཞིས”མེད་པའི་སྟོང་ཆ་བསྐངས་ཤིང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་ཁེབས་རྒྱ་དང་བྱ་བའི་ཁེབས་རྒྱ་སྔར་ལས་ལྷག་པར་རྒྱ་བསྐྱེད་པ་རེད། 

“བུད་མེད་ཀྱི་ཁྱིམ་གཞིས”ནི་གཞི་རིམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ལ་མཐུན་སྒྲིལ་དང་བུད་མེད་ལ་ཞབས་ཞུ་རྩ་འཛུགས་བྱེད་པའི་སྟོབས་དང་ལྡན་པའི་རྩ་འཛུགས་ལས་ཁུངས་ཤིག་ཡིན་ལ། བུད་མེད་རྣམས་སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་པའི་ཞབས་ཞུ་ལ་ཞུགས་པར་རྩ་འཛུགས་བྱེད་པའི་སྤྱི་སྟེགས་གལ་ཆེན་ཞིག་ཀྱང་ཡིན། ཞིང་ཆེན་ལ་གཏོགས་པའི་མཐོ་སློབ་གསུམ་དུ“བུད་མེད་ཀྱི་ཁྱིམ་གཞིས”བཙུགས་པ་དེས། བུད་མེད་ཀྱི་བྱ་བའི་ལས་ཁུངས་ལ་བརྟེན་ནས་བུད་མེད་ཀྱིི་ཁྱད་ཆོས་ལྡན་པའི་བྱ་བ་དང་། འཇོན་མི་གསོ་སྐྱོང་ལ་སྐུལ་འདེད། བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོང་སོགས་ཀྱི་ལས་དོན་ཁག་སྤེལ་བར་ཕན་པ་དང་། བུད་མེད་དགེ་རྒན་དང་བུད་མེད་སློབ་ཆེན་པའི་སྣེ་ཁྲིད་ཞབས་ཞུ་འབྲེལ་གཏུག་ལ་སྔར་ལས་ཤུགས་སྣོན་པ་དང་། བུད་མེད་ཀྱི་བློ་གྲོས་བསྡུས་ནས་མཐོ་སློབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བུད་མེད་ཀྱི་སྟོབས་ཤུགས་འབུལ་བར་ཕན། 

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཏང་འཛུགས་སྐྱོང་གིས་བུད་མེད་ལྷན་ཚོགས་འཛུགས་སྐྱོང་གི་སྣེ་ཁྲིད་པ་དང་བུད་མེད་ལྷན་ཚོགས་འཛུགས་སྐྱོང་གིས་ཏང་འཛུགས་སྐྱོང་ལ་སྐུལ་བའི”བླང་བྱ་ལྟར། ཚོད་ལྟའི་གནས་སྔོན་ལ་སྐྱོད་པ་དང་ཟུར་ལྟོས་ལེབ་མཐོང་བྱེད་པ་བརྒྱུད་ནས། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་འཛུགས་སྐྱོང་གི་དཀའ་གནད་སྒྲོལ་བ་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་བ་དང་། བུད་མེད་རྩ་འཛུགས་ཀྱི་དྲ་རྒྱ་དེ་དཔལ་འབྱོར་གསར་པའི་རྩ་འཛུགས་དང་། སྤྱི་ཚོགས་གསར་པའི་རྩ་འཛུགས། སྨྱན་སྦྱོར་གསར་པའི་ལས་རིགས་སོགས་སུ་རྒྱ་སྐྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་ལ་གཏོགས་པའི་ཁེ་ལས་འགྲིམ་འགྲུལ་ཚོད་འཛིན་སྡེ་ཚོགས་དང་། ཟི་ལིང་འོད་སྣང་སང་ཉིན་བྱིས་པའི་མིག་ནད་ཚན་ཁག་སྨན་ཁང་། མཚོ་སྔོན་ཏེང་ཐའེ་ས་ཁང་བདག་ཁོངས་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་ཟི་སོགས“གསར་པ་གཉིས”ཀྱི་རྩ་འཛུགས་དང་། “གསར་པ་བཞིའི”ཁྱབ་ཁོངས་སུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས178དང་བུད་མེད་ཀྱི་ཁྱིམ་གཞིས446བཙུགས། ཏང་གི་སྲིད་ཇུས་དང་ཐུགས་ཁུར་བུད་མེད་ཀྱི་ཁྲོད་དུ་སྐྱེལ་བ་དང་། བུད་མེད་མང་ཚོགས་ལ་སྣེ་ཁྲིད་ཞབས་ཞུ་འབྲེལ་གཏུག་བྱེད་པའི་འགན་འཁྲི་ལས་འགན་གཞི་རིམ་དུ་དངོས་འབེབས་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།