ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་དབང་པོ་སྐྱོན་ཅན་བྱིས་པའི་ལུས་གསོ་རོགས་སྐྱོར་རྒྱ་སྐྱེད་དང་ལུས་གསོ་ཞབས་ཞུ་བྱེད་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་གྱུར་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་བྱིས་པའི་ལུས་གསོ་རོགས་སྐྱོར་བྱ་ཡུལ་ནི་རྒྱལ་ཁབ་ཀྱི་གཏན་འབེབས་ལོ་གྲངས0-6བར་གྱི་རྨང་གཞིའི་སྟེང་། ལོ་གྲངས0-17བར་རྒྱ་བསྐྱེད་དེ་དབང་པོ་སྐྱོན་ཅན་བྱིས་པ་མི་གྲངས(མི་ཐེངས)13859ལ་རིན་མེད་ཀྱིས་ལུས་གསོ་རོགས་སྐྱོར་ཞབས་ཞུ་བྱས་ཤིང་། ལུས་གསོ་ཞབས་ཞུ་བྱེད་ཚད99.74%ལ་སླེབས་པ་དང་། རྒྱལ་ཡོངས་ཀྱི་ཨང་དང་པོར་གྱུར། འདི་ནི་གསར་འགོད་པས2021ལོའི་ཟླ12པའི་ཚེས31ཉིན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་རེད། 

2021ལོར། རང་ཞིང་ནི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་བྱིས་པའི་ལུས་གསོ་རོགས་སྐྱོར་ཞབས་ཞུ་གཏན་ཁེལ་ལས་ཁུངས་ཚད་ལྡན་ཅན་གྱི་དོ་དམ་ཚོད་ལྟའི་ས་ཚིགས་བཞི་ཡི་ཞིང་ཆེན་གྲས་ཤིག་ཡིན་ལ། ཚོད་ལྟའི་བྱ་བ་སྤེལ་བ་ནས་བཟུང་། ཞིང་ཆེན་རིམ་པ་ནས《མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་བྱིས་པའི་ལུས་གསོ་ཞབས་ཞུ་གཏན་ཁེལ་ལས་ཁུངས་དཔྱད་ཞིབ་དང་དོ་དམ་བྱེད་ཐབས》དཔར་འགྲེམ་བྱས་པ་དང་། དེ་དང་བསྟུན་པའི་ཡིག་ཆ་རབ་དང་རིམ་པ་སྒོར་བཏོན་ཞིང་། སྲིད་ཇུས་ཀྱི་འགན་སྲུང་འཐུས་ཚང་བཙུགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་བྱིས་པའི་ལུས་གསོ་ཞབས་ཞུ་གཏན་ཁེལ་ལས་ཁུངས་རིམ་དབྱེ་དོ་དམ་ལ་སྐུལ་འདེད་བྱས་ནས། ཞིང་ཆེན་ཡོངས་སུ་བསྡོམས་པས་དབང་པོ་སྐྱོན་ཅན་བྱིས་པའི་ལུས་གསོ་ཞབས་ཞུ་གཏན་ཁེལ་ལས་ཁུངས71གཏན་ཁེལ་བྱས། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་ལུས་གསོ་སྨན་བཅོས་དངོས་གཞི་ཆེད་ལས་འཛིན་གྲྭ་བཙུགས་ནས་སློབ་མ་བསྡུས་ནས། དབང་པོ་སྐྱོན་ཅན་ལུས་གསོ་མཐོ་རིམ་འཇོན་མི་གསོ་སྐྱོང་ལ་ཕན་ནུས་ལྡན་པའི་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་བྱིས་པའི་ལུས་གསོ་རོགས་སྐྱོར་ཞབས་ཞུའི་དགོས་མཁོ་སྔར་ལས་ལྷག་པར་འགན་སྲུང་བྱས། 2021ལོར། དབང་པོ་སྐྱོན་ཅན་བྱིས་པ3302ལ་ལུས་གསོ་རོགས་སྐྱོར་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། མི20777ལ་གཞོགས་སྣོན་འཕྲུལ་ཆས་མཐུན་སྦྱོར་ལག་བསྟར་བྱས་ཏེ། སོ་སོ་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལོ་འཁོར་གྱི་དམངས་འཚོའི་དོན་དངོས་ལས་འགན་གྱི103%དང207.8%ལེགས་གྲུབ་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།